མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ནེ་ཀྲི་རི་ཡཱའི་མགྲོན་ཁང་ཞིག་རྡིབས་ནས་ཨ་ཧྥེ་རི་ཁ་ལྷོ་མའི་མི་རེ་བདུན་རྐྱེན་ལམ་དུ་ཤོར་བར་ཙུའུ་མཱ་ཡིས་མྱ་ངན་ཞུས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-09-18 10:30

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་ཧྥེ་རི་ཁ་ནུབ་མའི་རྒྱལ་ཁབ་ནེ་ཀྲི་རི་ཡཱའི་མགྲོན་ཁང་ཞིག་གི་ཐོག་ཁང་གློ་བུར་དུ་རྡིབས་པ་དང་། མིག་སྔར་མི་བདུན་བཅུ་ཙམ་རྐྱེན་ལམ་དུ་ཤོར་བ་བདེན་དཔང་བྱས་ཡོད། དེའི་ནང་ཨ་ཧྥེ་རི་ཁ་ལྷོ་མའི་གནས་སྐོར་བ་རེ་བདུན་ཙམ་ཡོད་ཟེར། ཨ་ཧྥེ་རི་ཁ་ལྷོ་མའི་ཙུང་ཐུང་ཙུའུ་མཱ་ཡིས་ཤི་བོའི་ཁྱིམ་མིར་མྱ་ངན་ཞུས། ཨ་ཧྥེ་རི་ཁ་ལྷོ་མའི་རྒྱལ་སྤྱིའི་འབྲེལ་བ་དང་མཉམ་ལས་པུའུ་ཀྲང་གིས་ཀྱང་ཚེས་བཅུ་བདུན་ཉིན་ཆེད་དུ་གསར་འགོད་པའི་སྣེ་ལེན་ཚོགས་འདུ་བསྡུས་ཏེ། དོན་རྐྱེན་དེའི་ཐད་ནས་གསལ་བཤད་བྱས།

རྡིབས་སྐྱོན་བྱུང་བ་དེ་ནི་ནེ་ཀྲི་རི་ཡཱའི་ཆེས་ཆེ་བའི་གྲོང་ཁྱེར་ལཱ་ཀི་སི་ཡི་མགྲོན་ཁང་ཞིག་ཡིན་པ་དང་། མགྲོན་ཁང་དེར་སྔར་ཡོད་ཀྱི་བརྩེགས་རིམ་གཉིས་ཀྱི་ཐོག་ཁང་གི་རྨང་གཞིའི་སྟེང་བརྩེགས་རིམ་གསུམ་ཁ་སྣོན་བྱས་པ་དང་། དོན་རྐྱེན་བྱུང་སྐབས། ཉུང་མཐར་ཡང་ཨ་ཧྥེ་རི་ཁ་ལྷོ་མའི་གནས་སྐོར་ཚོགས་པ་བཞི་གནས་དེར་ཡོད། ཨ་ཧྥེ་རི་ཁ་ལྷོ་མའི་ཙུང་ཐུང་ཙུའུ་མཱ་ཡིས་ཚེས་བཅུ་དྲུག་ཉིན་དོན་དེར་གསལ་སྒྲོག་སྤེལ་ཏེ། ཨ་ཧྥེ་རི་ཁ་ལྷོ་མའི་མི་རེ་བདུན་དོན་རྐྱེན་དེའི་ཁྲོད་རྐྱེན་ལམ་དུ་ཤོར་བ་དང་གཞན་མི་བཅུ་ཕྲག་འགར་རྨས་ཕོག་པ་ཁྱབ་སྒྲོག་བྱས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག