མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨོ་པཱ་མཱ་ཡིས་དབྱི་རག་ལ་ས་ངོས་ཀྱི་འཐབ་འཁྲུག་སྤེལ་མི་སྲིད་པའི་ཁས་ལེན་བྱས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-09-18 10:30

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་ཙུང་ཐུང་ཨོ་པཱ་མཱ་ཡིས་ཟླ་དགུ་བའི་ཚེས་བཅུ་བདུན་ཉིན་ཨ་མེ་རི་ཁས་དབྱི་རག་ལ་ས་ངོས་ཀྱི་འཐབ་འཁྲུག་སྤེལ་མི་སྲིད་པར་ཁས་ལེན་བྱས་ཏེ། སྔ་ཉིན་ཨ་མེ་རི་ཁའི་དམག་དཔུང་གི་ཇུས་འདོན་དཔོན་པོའི་མཉམ་ཞུགས་གྲོས་ཚོགས་ཀྱི་ཀྲུའུ་ཞི་ཏིན་ཕུའུ་ཞི་ཡིས་ས་ངོས་དམག་དཔུང་མངག་ནས་ཐལ་སྤྱོད་རྩ་འཛུགས་ལ་ཆམ་ཕབ་གཏོང་བར་བསམ་བློ་གཏོང་བའི་གཏམ་བཤད་ལ་ལན་བཏབ།

ཨོ་པཱ་མཱ་ཡིས་ནམ་རྒྱུན་མང་ཚོགས་ཀྱིས་དབྱི་རག་འཐབ་འཁྲུག་ཡང་བསྐྱར་འབྱུང་བར་སེམས་ཁུར་བྱེད་པ་ཞི་འཇགས་སུ་གཏོང་བར་བརྩོན་བཞིན་ཡོད། ཁོས་ཚེས་བཅུ་བདུན་ཉིན་ཧྥོ་ལོ་ལི་ཏཱ་ཀྲིག་ཐན་ཕཱ་མེད་ཁི་ཏིས་ཨར་མཁའ་དམག་རྟེན་གཞི་ནས་ཡང་བསྐྱར་ནན་གྱིས་བསྟན་དོན། ཨ་མེ་རི་ཁས་མནའ་མཐུན་རྒྱལ་ཁབ་གཞན་པ་བཞི་བཅུ་ལྷག་དང་མཉམ་དུ་ཐལ་སྤྱོད་རྩ་འཛུགས་ལ་བར་སྣང་ནས་ཆམ་ཕབ་གཏོང་རྒྱུ་ཡིན་པ་དང་། དེ་ནི་ཨ་མེ་རི་ཁའི་འཐབ་ཇུས་གཙོ་བོ་ཡིན་ཟེར།

ཨོ་པཱ་མཱ་ཡིས་བཤད་རྒྱུར། དབྱི་རག་ཏུ་མངག་གཏོང་བྱས་པའི་ཨ་མེ་རི་ཁའི་དམག་དཔུང་དེ་ད་ལྟ་དང་མ་འོངས་པ་གང་ཡིན་ཡང་ས་ངོས་ཀྱི་འཐབ་འཁྲུག་ལས་འགན་ལ་ཞུགས་མི་སྲིད་པ་ངས་དག་འབུད་གསལ་བོ་བྱས་པ་ཡིན་ཟེར།

ཨ་མེ་རི་ཁས་དབྱི་རག་ས་ཁུལ་དུ་ཐལ་སྤྱོད་རྩ་འཛུགས་ལ་བར་སྣང་ནས་ཆམ་ཕབ་ཐེངས་བརྒྱ་དང་དྲུག་ཅུ་ལྷག་སྤེལ་བར་མ་ཟད། སི་རི་ཡཱའི་མངའ་ཁོངས་ཀྱི་ཐལ་སྤྱོད་རྩ་འཛུགས་ལའང་དེ་མཚུངས་ཀྱིས་ཆམ་ཕབ་བཏང་། ཨོ་པཱ་མཱ་ཡིས་ཉེ་བའི་གཟའ་འཁོར་འགའི་ནང་དབྱི་རག་ཏུ་ཨ་མེ་རི་ཁའི་དམག་དཔུང་གི་བློ་འདོན་པ་སྟོང་གཅིག་དང་དྲུག་བརྒྱ་མངག་སྟེ། དབྱི་རག་གིས་དབྱི་སི་ལན་རྒྱལ་ཁབ་ལ་ཆམ་ཕབ་གཏོང་བའི་ཤུགས་ཚད་ཇེ་ཆེར་བཏང་། ཁོས་མི་སྣ་དེ་དག་ཡང་བསྐྱར་སྔོན་ཆད་ཀྱི་ཙུང་ཐུང་པུའུ་ཧྲི་ཡིས་བཞག་པའི་འཐབ་འཁྲུག་ནང་ཞུགས་སུ་འཇུག་འདོད་མེད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག