མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཀྲུང་གོ་དང་ཧྥ་རན་སིའི་མཐོ་རིམ་དཔལ་འབྱོར་དངུལ་ལོར་གྲོས་མོལ་ཐེངས་གཉིས་པ་ཕཱ་རེ་སི་ནས་བསྡུས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-09-17 10:26

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོ་དང་ཧྥ་རན་སིའི་མཐོ་རིམ་དཔལ་འབྱོར་དངུལ་ལོར་གྲོས་མོལ་ཐེངས་གཉིས་པ་ཚེས་བཅོ་ལྔ་ཉིན་ཧྥ་རན་སིའི་ཕཱ་རེ་སི་ནས་བསྡུས། ཀྲུང་གོའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་མཱ་ཁའེ་དང་ཧྥ་རན་སིའི་ནོར་སྲིད་དང་སྤྱི་བའི་རྩིས་ཐོའི་པུའུ་ཀྲང་སཱ་ཕན་གྱིས་མཉམ་དུ་མགོ་འཛིན་བྱས། ཕྱོགས་གཉིས་ཀྱིས་ཡུན་རིང་ཞིང་འབྲེལ་བ་ཟབ་པའི་ཀྲུང་གོ་དང་ཧྥ་རན་སིའི་དཔལ་འབྱོར་དངུལ་ལོར་འཐབ་ཇུས་གྲོགས་པོའི་འབྲེལ་བའི་བརྗོད་སྙིང་ལ་དམིགས་ཏེ། འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་གནས་བབ་དང་དཔལ་འབྱོར་བཅོས་སྐྱོང་། ཀྲུང་གོ་དང་ཧྥ་རན་སི་རྒྱལ་ཁབ་གཉིས་ཀྱི་ཆེ་མཐོང་དཔལ་འབྱོར་དང་གྲུབ་ཚུལ་བཅོས་བསྒྱུར། ཕྱོགས་གཉིས་ཀྱི་ནོར་སྲིད་དངུལ་ལོར། ཉོ་ཚོང་དངུལ་གཏོང་མཉམ་ལས་སོགས་གྲོས་གཞིའི་ཐད་ནས་འབྲེལ་འདྲིས་ཟབ་མོ་བྱས་ཏེ་གྲུབ་འབྲས་ཆེན་པོ་བླངས།

ཐེངས་འདིའི་གྲོས་མོལ་ཁྲོད། ཀྲུང་གོ་དང་ཧྥ་རན་སི་རྒྱལ་ཁབ་གཉིས་ཀྱིས་གཉིས་ཕན་གཉིས་རྒྱལ་གྱི་གྲུབ་འབྲས་སྣ་ཞེ་དྲུག་བཀོད་པ་དང་། ཕྱོགས་གཉིས་ཀྱིས་ཆེ་མཐོང་དཔལ་འབྱོར་སྲིད་ཇུས་ཀྱི་མཐུན་སྦྱོར་དང་། འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་བཅོས་སྐྱོང་། དངུལ་ལོར་ནོར་སྲིད། ཉོ་ཚོང་དངུལ་གཏོང་། ཉིང་རྡུལ་ནུས་པ། མཁའ་འགྲུལ་མཁའ་སྐྱོད་སོགས་ཁྱབ་ཁོངས་ནས་མཉམ་ལས་བྱེད་རྒྱུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག