མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཝུའུ་ཁི་ལན་གྲོས་ཁང་གིས་ཡོ་རོབ་གླིང་མནའ་འབྲེལ་བར་གྱི་འབྲེལ་གཏུག་རྒྱལ་ཁབ་ཀྱི་གྲོས་ཆོད་ལ་ཆོག་མཆན་བཀོད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-09-17 10:24

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཝུའུ་ཁི་ལན་གྲོས་ཁང་གིས་ཚེས་བཅུ་དྲུག་ཉིན་ཡོ་རོབ་གླིང་མནའ་འབྲེལ་བར་གྱི་འབྲེལ་གཏུག་རྒྱལ་ཁབ་ཀྱི་གྲོས་ཆོད་ལ་ཆོག་མཆན་བཀོད་པ་དང་། དེའི་རྗེས་སུ་ཝུའུ་ཁི་ལན་གྱི་ཙུང་ཐུང་པའོ་ལོ་ཧྲིན་ཁི་ཡིས་གྲོས་ཁང་ཐོག་ཁང་ཆེན་མོ་ནས་ཡིག་ཆ་དེར་མིང་བཀོད།

ཝུའུ་ཁི་ལན་གྲོས་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། ཉིན་དེར་གྲོས་ཚོགས་ལ་ཞུགས་པའི་གྲོས་མི་སུམ་བརྒྱ་དང་གྱ་གཅིག་ཁྲོད། གྲོས་མི་སུམ་བརྒྱ་དང་ང་ལྔས་ཝུའུ་ཁི་ལན་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་འབྲེལ་གཏུག་རྒྱལ་ཁབ་ཀྱི་གྲོས་ཆོད་ལ་ཆོག་མཆན་འགོད་མིན་ལ་བརྡས་ཐག་གཅོད་སྐབས་ཡིད་འཐད་ཡིན་པའི་འདེམ་ཤོག་འཕང་།

ཝུའུ་ཁི་ལན་གྲོས་ཁང་གིས་དེའི་རྗེས་སུ་ཝུའུ་ཁི་ལན་གྱི་ཡོ་རོབ་གླིང་གི་གདམ་གསེས་སྐོར་གྱི་གསལ་སྒྲོག་ཅིག་ལ་གྲོས་མཐུན་བཀོད། གསལ་སྒྲོག་ལས་བཤད་རྒྱུར། ཆོག་མཆན་བཀོད་པའི་ཝུའུ་ཁི་ལན་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་འབྲེལ་གཏུག་རྒྱལ་ཁབ་ཀྱི་གྲོས་ཆོད་ལ་ཆོག་མཆན་བཀོད་པ་དང་། ཝུའུ་ཁི་ལན་གྱིས་རང་ཉིད་རྗེས་ཕྱོགས་ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པའི་གདམ་གསེས་ནན་བཤད་བྱས། གྲོས་ཆོད་ལ་ཆོག་མཆན་འགོད་པ་ནི་ཝུའུ་ཁི་ལན་གྱིས་ཡོ་རོབ་གླིང་གི་ཚད་གཞི་དང་རིན་ཐང་ལྟ་བ་ལྟར་ཕྱོགས་ཡོངས་ནས་བཅོས་བསྒྱུར་བྱེད་པའི་གོམ་པ་དང་པོ་རེད། བགྲོད་ལམ་དེར་དཀའ་ཁག་ཆེ་ཡང་། ཝུའུ་ཁི་ལན་ལ་གདམ་གསེས་གཞན་པ་མེད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག