མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་སྐབས་རེ་དགུ་བ་ཚོགས་མགོ་བརྩམས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-09-17 10:24

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་སྐབས་རེ་དགུ་བ་ཚེས་བཅུ་དྲུག་ཉིན་གྱི་ཕྱི་དྲོར་ཉིག་ཡོ་གྲོང་ཁྱེར་དུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ནས་ཚོགས་མགོ་བརྩམས། སྐབས་འདིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་གྱི་ཀྲུའུ་ཞི་ཁུའུ་ཐེ་སཱ་ཡིས་བསྟན་དོན། སྐབས་འདིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་གྱི་བརྗོད་སྙིང་ནི་ཉིས་སྟོང་བཅོ་ལྔ་ལོའི་རྗེས་ཀྱི་འཕེལ་རྒྱས་རྣམ་པ་བསྒྱུར་བའི་གྲོས་རིམ་དངོས་འབེབ་དང་ལག་བསྟར་བྱེད་པ་དེ་ཡིན།

མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཀྱི་ཆེན་སྐབས་རེ་དགུ་བས་ཚེས་བཅུ་དྲུག་ཉིན་གྱི་དུས་ཚོད་གསུམ་སྟེང་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་བསྡུས། ཁུའུ་ཐེ་སཱ་ཡིས་གྲོས་ཚོགས་མགོ་རྩོམ་པའི་སྐབས་སུ་སྐབས་འདིའི་ཚོགས་ཆེན་མགོ་བརྩམས་པ་ཁྱབ་སྒྲོག་བྱས་པ་དང་། ཁོས་མགོ་རྩོམ་པའི་ཞུ་ཚིག་ཕུལ་ཏེ། མ་འོངས་པའི་ལོ་གཅིག་ནི་མཉམ་འབྲེལ་རྒྱལ་ཚོགས་ལ་མཚོན་ན་གལ་ཆེ་བའི་ལོ་ཞིག་ཡིན་པ་དང་། མཉམ་འབྲེལ་རྒྱལ་ཚོགས་བཙུགས་ནས་ལོ་ངོ་བདུན་ཅུ་འཁོར་བ་དང་། པེ་ཅིན་འཛམ་གླིང་བུད་མེད་ཚོགས་ཆེན་བསྡུས་ནས་ལོ་ངོ་ཉི་ཤུ་འཁོར་བ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྟོང་ལོའི་བསྒྲགས་གཏམ་སྤེལ་ནས་ལོ་ངོ་བཅོ་ལྔ་འཁོར་བ། ཉིས་སྟོང་ལྔ་ལོའི་འཛམ་གླིང་མགོ་གཙོའི་གྲོས་ཚོགས་སྤེལ་ནས་ལོ་ངོ་བཅུ་འཁོར་བ་སོགས་ཀྱི་བྱ་འགུལ་སྤེལ་རྒྱུ་ཡིན་ཟེར།

ཁུའུ་ཐེ་སཱ་ཡིས་བཤད་རྒྱུར། ཉིས་སྟོང་བཅོ་ལྔ་ལོའི་རྗེས་ཀྱི་འཕེལ་རྒྱས་གྲོས་རིམ་གཏན་འབེབས་བྱེད་པ་ལས་གཞན་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྱང་བྱེད་ཐབས་སྣ་ཚོགས་སྤྱད་དེ་གྲོས་རིམ་དེ་དངོས་འབེབ་བྱེད་པའི་འགན་འཁྲི་ཡོད་ཅིང་། མ་དངུལ་དང་ལག་རྩལ། ནུས་པའི་འཛུགས་སྐྲུན་སོགས་འདུས་པ་དང་། དེར་འཛམ་གླིང་ཡོངས་སུ་གྲོགས་པོའི་འབྲེལ་བ་འཕེལ་རྒྱས་སུ་བཏང་སྟེ། ཁོངས་གཏོགས་རྒྱལ་ཁབ་སོ་སོའི་སྲིད་གཞུང་དང་སྒེར་གཉེར་སྡེ་ཁག དམངས་ཁྲོད་སྤྱི་ཚོགས། ཁེ་ཕན་ལ་འབྲེལ་བའི་ཕྱོགས་སོ་སོའི་བར་གྱི་འབྲེལ་བར་མཉམ་ལས་བྱས་ནས། འདྲ་མཉམ་གྱི་ཉོ་ཚོང་མ་ལག་དང་རྒྱལ་ཁབ་ཕྱི་ནང་གི་ཐད་ཀར་དངུལ་གཏོང་མ་ལག་ཆགས་སུ་འཇུག་དགོས་ཟེར།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་ཝུན་དང་། ཁོངས་གཏོགས་རྒྱལ་ཁབ་བརྒྱ་དང་གོ་གསུམ་གྱི་འཐུས་མི་བཅས་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཀྱི་ཆེན་སྐབས་རེ་དགུ་བའི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོར་ཞུགས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག