མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

དབྱི་རག་གི་བདེ་འཇགས་རྒྱལ་སྤྱིའི་གྲོས་ཚོགས་ཐོག་དབྱི་རག་ལ་འོས་འཚམ་གྱི་དམག་དོན་རོགས་སྐྱོར་བྱེད་རྒྱུའི་མུས་མཐུན་བྱས།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-09-16 11:09

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧྥ་རན་སིའི་རྒྱལ་ས་ཕ་རི་སིར་འཚོགས་པའི་དབྱི་རག་གི་ཞི་བདེ་དང་བདེ་འཇགས་ཀྱི་རྒྱལ་སྤྱིའི་གྲོས་ཚོགས་ཀྱིས་སྤྱི་ཚེས15ཉིན་གསལ་བསྒྲགས་ཞིག་སྤེལ་ནས། དབྱི་རག་གི་སྲིད་གཞུང་གསར་པར་འོས་འཚམ་གྱི་དམག་དོན་རོགས་སྐྱོར་སོགས་ཀྱི་དགོས་ངེས་བྱ་ཐབས་བཟུང་ནས། ཐལ་སྐྱོད་སྒྲིག་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པར་རྡུང་རྡེག་གཏོང་རྒྱུ་ཡིན་ཞེས་བསྟན།

གསལ་བསྒྲགས་ནང་། ཐལ་སྐྱོད་འཇིགས་སྐུལ་སྒྲིག་འཛུགས་ཀྱིས་དབྱི་རག་ཙམ་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་ཡོངས་ལ་ཉེན་ཁ་ཟོ་གི་ཡོད་པས་སྒྲིག་འཛུགས་དེའི་མིའི་རིགས་ལ་ངོ་རྒོལ་བྱེད་པའི་ཉེས་བསགས་བྱ་སྤྱོད་ལ་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་ཆ་ད་པ་ཕོག་དགོས་པའི་ངོས་འཛིན་བྱས་པ་དང་། གསལ་བསྒྲགས་ནང་། དབྱི་རག་གི་བདག་དབང་དང་རང་བཙན། མངའ་ཁོངས་ས་ཆ་ཆ་ཆང་བཅས་ལ་བརྩི་འཇོག་བྱེད་དགོས་ཞེས་ནན་སྟོན་བྱས་ཡོད་པ་རེད།

ཀྲུང་གོའི་ཕྱི་འབྲེལ་པུའི་པུའུ་ཀྲང་གཞོན་པ་ལི་པའོ་ཏུང་གིས་གྲོས་ཚོགས་ཐོག་གཏམ་བཤད་སྤེལ་སྐབས། དབྱི་རག་དང་ས་ཁུལ་ཡོངས་སུ་ཡུན་རིང་བདེ་འཁོད་ཡོང་དགོས་བསམ་ན། གཅིག་ནས་དབྱི་རག་རང་ངོས་ཀྱི་འབད་བརྩོན་ལ་བརྟེན་དགོས་ལ་གཉིས་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རོགས་སྐྱོར་དང་ཡང་ཁ་བྲལ་ཐབས་མེད་ཅེས་བསྟན་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག