མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

གསར་དུ་བསྐོ་བཞག་བྱས་པའི་ཀྲུང་གོའི་དབུས་ཤར་གནད་དོན་གྱི་དམིགས་བསལ་ཕོ་ཉས་ཀ་ཧྲ་ས་ཁུལ་དུ་དམག་འཚམས་འཇོག་རྒྱུའི་རེ་བ་བཏོན།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-09-16 11:09

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཚེས15ཉིན་གསར་དུ་བསྐོ་བཞག་བྱས་པའི་ཀྲུང་གོའི་དབུས་ཤར་གནད་དོན་གྱི་དམིགས་བསལ་ཕོ་ཉ་ཀུང་ཞའོ་ཧྲེང་གིས་ཅོར་ཏན་ཆུ་བོའི་ནུབ་འགྲམ་གྲོང་ཁྱེར་ལ་མུའུ་ཨན་ལར། ཀ་ཧྲ་ས་ཁུལ་དུ་དམག་འཚམས་འཇོག་རྒྱུ་ས་བརྟན་དུ་བཏང་ནས། ཀ་ཧྲ་བསྐྱར་འཛུགས་བྱེད་ཆེད་ཕན་ཡོད་ཀྱི་ཆ་རྐྱེན་སྐྲུན་དགོས་པའི་རེ་བ་བྱེད་ཀྱི་ཡོད་ཅེས་བསྟན་ཡོད་པ་རེད།

ཀུང་ཞའོ་ཧྲེང་གིས་ཉིན་དེ་གར་པ་གི་སི་ཐན་གྱི་ཙུང་ཐུང་ཨ་པ་སི་དང་ཕྱི་འབྲེལ་པུའུ་ཀྲང་མ་ལི་ཅི་དང་མཇལ་འཛོམས་གནང་བ་དང་། ཀུང་ཞའོ་ཧྲེང་གིས་ཨ་པ་སིས་གྲོས་མོལ་གནང་སྐབས། ཁོང་ནས་མི་རིང་བར་མཉམ་འབྲེལ་རྒྱལ་ཚོགས་ལ་འཚམས་འདྲི་གནང་རྒྱུ་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཐོག་གཏམ་བཤད་སྤེལ་རྒྱུ་ཡིན་ཞེས་བསྟན་ཡོད། སྤྱི་ཟླ་བཅུ་པར། ཕ་གི་སི་ཐན་ལ་རོགས་སྐྱོར་བྱེད་པའི་རྒྱལ་སྤྱིའི་གྲོས་ཚོགས་ཀྱང་ཁེ་རོར་སྐོང་འཚོགས་བྱེད་རྒྱུ་ཡིན་པ་རེད། ཀུང་ཞའོ་ཧྲེང་ནས་ཕྱི་འབྲེལ་ཆེད་འབད་བརྩོན་རབ་དང་རིམ་པ་བྱས་པ་ཡིས། དགེ་མཚན་ལྡན་པའི་ཤུགས་རྐྱེན་ཐེབས་ནས་ཀ་ཧྲ་ས་ཁུལ་གྱི་མི་ཆོས་རིང་ལུགས་ཀྱི་གནས་བབ་ཞི་ལྷོད་དུ་གཏོང་རྒྱུའི་རེ་བ་བྱེད་ཀྱི་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག