མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨུ་རུ་སུ་དང་ཡོ་རོབ་མནའ་འབྲེལ་གྱི་འགོ་ཁྲིད་པས་ཁ་པར་ཐོག་ནས་ཨུ་ཁེ་ལན་གྱི་དུས་བབ་ཐད་གྲོས་བསྡུར་བྱས།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-09-16 11:06

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཚེས15ཉིན་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གིས་ཁག་སོ་སོར་ལྗར་མན་གྱི་ཙུང་ལི་མོར་ཁེར་དང་ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པ་ལོ་ཙོར་ཁ་པར་བརྒྱབ་ནས། ཨུ་ཁེ་ལན་གྱི་དུས་བབ་ཐད་གྲོས་བསྡུར་བྱས་ཡོད་པ་རེད།

སྤྱི་ཟླ་དགུ་པའི་ཚེས12ཉིན་ཨུ་རུ་སུ་དང་ཡོ་རོབ་མནའ་འབྲེལ། ཨུ་ཁེ་ལན་བཅས་ཕྱོགས་ཁག་གསུམ་གྱི་པུའུ་ཀྲང་རིམ་པའི་གྲོས་མོལ་ཐོག་བཞག་པའི་གྲོས་མཐུན་ལ་གཞིགས་ན། ཨུ་ཁེ་ལན་དང་ཡོ་རོབ་མནའ་འབྲེལ་གྱི་འབྲེལ་གཏུགས་རྒྱལ་ཁབ་ཀྱི་གྲོས་མཐུན་གྱི་གོ་ཆོད་པའི་དུས་ཚོད་སྤྱི་ལོ2016ལོའི་ཟླ1པོའི་ཚེས1ཉིན་བར་ནར་འགྱངས་བྱེད་རྒྱུའི་ཐད། ཕུའུ་ཅིང་དང་མོར་ཁེར་གྱིས་མོས་མཐུན་བྱས་ཡོད། ཕྱོགས་གཉིས་པོས་མུ་མཐུད་ནས་མཉམ་ལས་བྱས་ཏེ། ཕྱོགས་ཁག་གསུམ་པོའི་གྲོས་མཐུན་གྱི་ཞིབ་ཕྲའི་ནང་དོན་ཁ་གསལ་བཟོ་དགོས་ཞེས་བཏོན་ཡོད་པ་རེད།

ཕུའུ་ཅིང་དང་མོར་ཁོར་གྱིས་ད་དུང་། ཨུ་རུ་སུས་ཡོ་རོབ་མནའ་འབྲེལ་རྒྱལ་ཁབ་ལ་རང་བྱུང་རླངས་སྐྱེལ་འདྲེན་བྱེད་པའི་གནས་ཚུལ་ཐད་དགོངས་འཆར་བརྗེ་རེས་བྱས་ནས། མུ་མཐུད་དེ་ཕྱོགས་ཁག་གསུམ་གྱི་གྲོས་མོལ་གྱི་རྣམ་པའི་ཐོག་ནས་གནད་དོན་དེར་གྲོས་བསྡུར་བྱེད་རྒྱུའི་གྲོས་གཏན་ཁེལ་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག