མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨེ་ཅིབ་ཁྲིམས་ཁང་གིས་མུ་སི་ལིན་སྤུན་ཟླ་ཚོགས་པའི་ཆེས་མཐོའི་འགོ་ཁྲིད་པ་ཚེ་གང་བཙོན་འཇུག་གཏོང་རྒྱུའི་ཁྲིམས་ཐག་བཅད་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-09-16 11:04

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨེ་ཅིབ་ཀྱི་ཉེས་དོན་ཁྲིམས་ཁང་ཞིག་གིས་སྤྱི་ཚེས15ཉིན་མུ་སི་ལིན་སྤུན་ཟླ་ཚོགས་པའི་ཆེས་མཐོའི་འཐབ་ཇུས་ལས་ཁུངས་ཀྱི་མཛུབ་སྟོན་ཅུད་ཀྱི་ཀྲུའུ་ཞི་ཟུར་པ་མུ་ཧ་མུ་ཏེ་པ་ཏེ་ཡ་སོགས་མི་བཅོ་ལྔ་ཚེ་གང་བཙོན་འཇུག་གཏོང་རྒྱུའི་ཁྲིམས་ཐག་བཅད་ཡོད་པ་རེད།

གནས་ཚུལ་སྤེལ་བར་གཞིགས་ན། ཁྲིམས་ཁང་དེས་མི་བཅོ་ལྔ་ཚེ་གང་བཙོན་འཇུག་བཏང་བའི་ཉེས་མིང་ནི་ཁོང་ཚོས་ན་ནིང་སྤྱི་ཟླ་༧པར་དམག་ཕྱོགས་ཀྱིས་ཙུང་ཐུང་མུའར་ཤིའི་འགན་གནས་མེད་པ་བཟོས་རྗེས་རྒྱལ་ས་ཁེ་རོར་གཏུག་སྤྱོད་བྱ་སྤྱོད་སྤེལ་རྒྱུའི་ངན་སྐུལ་བྱས་པས། མི་སྣ་ཤི་རྨས་དང་རྒྱུ་ནོར་གྱོང་གུན་གྱི་གནོད་འཚེ་བཟོས་ཡོད་པ་དེ་རེད།

ད་ལོའི་ཟླ་བ་དྲུག་པའི་གྱོད་དོན་གཞན་ཞིག་གི་ཁྲོད་པ་ཏི་ཡར་ཨེ་ཅིབ་མིང་ཡག་ཞིང་ཆེན་གྱི་ཉེས་དོན་ཁྲིམས་ཁང་ཞིག་གིས་སྲོག་ཐོག་གི་ཉེས་པ་བཅད་ཡོད་པ་རེད། གྱོད་གཞི་དེའི་ཁྲོད། པ་ཏི་ཡས་ན་ནིང་གི་རྔམ་སྟོན་ཁྲོམ་བསྐོར་ཁྲོད་གཏུམ་སྤྱོད་དང་མེ་རྒྱབ་པ། ཉེན་རྟོག་པ་ལྐོག་གསོད་བྱས་པ་སོགས་ཀྱི་ཉེས་པ་ཡོད་པའི་ཞུ་གཏུག་བྱས་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག