མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཡོ་རོབ་མནའ་འབྲེལ་གྱིས་ཨུ་རུ་སུས་ཨུ་ཁེ་ལན་ལ་མི་ཆོས་རིང་ལུགས་ཀྱི་དངོས་ཟོག་སྐྱེལ་འདྲེན་ཐེངས་གཉིས་པ་བྱས་པར་སྐྱོན་འཛུགས་བྱས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-09-16 11:04

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཚེས15ཉིན་ཡོ་རོབ་མནའ་འབྲེལ་གྱི་ཕྱི་ཕྱོགས་བྱ་སྤྱོད་ཧྲུའུ་ཡིས་ཨུ་རུ་སུས་ཨུ་ཁེ་ལན་ལ་མི་ཆོས་རིང་ལུགས་ཀྱི་དངོས་ཟོག་སྐྱེལ་འདྲེན་ཐེངས་གཉིས་པ་བྱས་པར་སྐྱོན་འཛུགས་བྱས་ནས། བྱེད་སྟངས་དེ་ནི་ཁྲིམས་འགལ་རེད་ཅེས་བསྟན་ཡོད་པ་རེད།

ཕྱི་ཕྱོགས་བྱ་སྤྱོད་ཧྲུའུ་ཡིས་ཉིན་དེ་གར་གསལ་བསྒྲགས་སྤེལ་ནས། ཨུ་རུ་སུའི་བྱ་སྤྱོད་དེར་ཨུ་ཁེ་ལན་དབང་འཛིན་ལས་ཁུངས་ཀྱི་མོས་མཐུན་དང་ཞིབ་བཤེར་ཐོབ་མེད་པ་དང་། རྒྱལ་སྤྱིའི་མི་ཆོས་རིང་ལུགས་ཀྱི་གཞི་རྩའི་ཁྲིམས་སྲོལ་ལ་བརྩི་སྲུང་བྱས་མེད་པས། ཨུ་ཁེ་ལན་གྱི་མངའ་ཁོངས་ས་ཆ་ཆ་ཚང་དང་བདག་དབང་ལ་གནོད་འཚེ་བཏང་ཡོད་ཅེས་བསྟན་ཡོད་པ་རེད།

ཨུ་ཁེ་ལན་དབང་འཛིན་ལས་ཁུངས་དང་ནུབ་ཕྱོགས་རྒྱལ་ཁབ་ཀྱིས་སྔ་བར་ཕྱི་གསུམ་དུ་ཨུ་རུ་སུས་ཨུ་ཁེ་ལན་ཤར་ལྷོའི་ས་ཁུལ་དུ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་དངོས་ཟོག་མཁོ་འདོན་བྱས་པར་ངོ་རྒོལ་བྱེད་ཀྱི་ཡོད་པ་དང་། ཨུ་རུ་སུས་གོ་སྐབས་དེ་དང་བསྟུན་ནས་ཨུ་ཁེ་ལན་ལ་བཙན་འཛུལ་བྱེད་སྲིད་པའི་སེམས་ཁྲལ་བྱེད་ཀྱི་ཡོད། ཡིན་ནའང་ཨུ་རུ་ཕྱོགས་ནས་ཤོད་སྟངས་དེར་མཐའ་གཅིག་ཏུ་ཁས་ལེན་བྱེད་ཀྱི་མེད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག