མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ལིའུ་ཡན་ཏུང་དང་ཨུ་རུ་སུའི་ཙུང་ལི་གཞོན་པས་ཐུན་མོང་ཐོག་ཀྲུང་ཨུའི་མི་ཆོས་རིག་གནས་མཉམ་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅོ་ལྔ་པ་གཙོ་སྐྱོང་གནང་བ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-09-16 11:04

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཀྲུང་གོ་དང་ཨུ་རུ་སུའི་མི་ཆོས་རིག་གནས་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ཀྲུང་གོའི་ཕྱོགས་ཀྱི་ཀྲུའུ་ཞི་ལིའུ་ཡན་ཏུང་གིས་སྤྱི་ཚེས14ཉིན་ཨུ་རུ་སུའི་ཝུ་ལི་ཡང་ནོ་ཧྥུ་སི་ཁེར་ཨུ་རུ་སུའི་ཙུང་ལི་གཞོན་པ། ཨུ་རུ་སུའི་ཕྱོགས་ཀྱི་ཀྲུའུ་ཞི་ཀེ་ལོ་ཅེ་ཚེ་དང་མཉམ་དུ་ཀྲུང་ཨུའི་མི་ཆོས་རིག་གནས་མཉམ་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅོ་ལྔ་པ་དེ་གཙོ་སྐྱོང་གནང་ཡོད་པ་རེད།

ལིའུ་ཡན་ཏུང་གིས་ད་ཐེངས་གྲོས་ཚོགས་ཀྱིས་རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ད་ལོའི་སྤྱི་ཟླ་༥པར་ཧྲང་ཧད་རུ་མཇལ་འཕྲད་གནང་སྐབས་བཞག་པའི་གལ་ཆེའི་ཐུན་མོང་ངོས་འཛིན་སྔར་བས་དོན་འཁྱོལ་བྱས་པ་དང་། དུས་སང་རྒྱལ་ཁབ་གཉིས་པོའི་མི་ཆོས་རིག་གནས་མཉམ་ལས་ཀྱི་ཁ་ཕྱོགས་དང་གལ་ཆེའི་ཁྱབ་ཁོངས་གཏན་འཁེལ་བྱས་ནས། རྒྱལ་ཁབ་གཉིས་པོའི་ཙུང་ལིས་ལོ་འདིའི་ནང་ཐུག་འཕྲད་ཐེངས་བཅུ་དགུ་པ་བྱེད་རྒྱུར་གྲ་སྒྲིག་བྱས་ཡོད། ཀྲུང་གོས་ཁྱོན་ཡོངས་ནས་ད་ཐེངས་གྲོས་ཚོགས་ཐོག་བཞག་པའི་ཁྱབ་ཁོངས་ཆེན་པོ་དགུའི་མཉམ་ལས་རྣམ་གྲངས་དོན་འཁྱོལ་བྱ་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།

ཀེ་ལོ་ཅེ་ཚེས། ཨུ་ཀྲུང་གི་ཁྱོན་ཡོངས་འཐབ་ཇུས་རོགས་ལས་རོགས་པའི་འབྲེལ་བ་བརྟན་ལ་ལེགས་པོ་ཡོད། ཨུ་རུ་སུས་རྒྱལ་ཁབ་གཉིས་པོའི་མི་ཆོས་རིག་གནས་མཉམ་ལས་ཀྱི་ཆུ་ཚད་ལ་བློ་ཡིད་འཚེམ་པོ་བྱེད་པ་དང་། ཀྲུང་གོ་དང་མཉམ་དུ་འབད་བརྩོན་བྱས་ནས། རྒྱལ་ཁབ་གཉིས་པོའི་མི་ཆོས་རིག་གནས་མཉམ་ལས་དེ་དེ་བས་བང་རིམ་མང་བ་དང་དེ་བས་རྒྱ་ཆེ་བའི་ཁྱབ་ཁོངས་ནང་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་དང་། རྒྱལ་ཁབ་གཉིས་པོའི་འབྲེལ་བའི་སྤྱི་ཚོགས་རྨང་གཞི་སྔར་བས་བརྟན་དུ་གཏོང་འདོད་ཡོད་ཅེས་བསྟན་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག