མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕོ་ལན་ཙུང་ཐུང་གིས་ཕ་ཁེ་ཆི་དངོས་སུ་ཙུང་ལི་གསར་པར་བསྐོ་བཞག་གནང་བ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-09-16 11:04

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕོ་ལན་གྱི་ཙུང་ཐུང་ཁེ་མོ་ལོ་ཧྥུ་སེ་ཅིས་སྤྱི་ཚེས15ཉིན་གྲོས་ཚོགས་སྨད་པའི་གྲོས་དཔོན་ཨད་ཝ་ཁེ་ཕ་ཆི་ཙུང་ལིར་བསྐོ་བཞག་གནང་བ་དང་། ཁོང་ནས་འདི་ཟླའི་ཚེས22ཉིན་གོང་སྲིད་གཞུང་གསར་པ་འཛུགས་རྒྱུའི་དབང་ཆ་སྤྲད་ཡོད་པ་རེད། ཉིན་དེའི་སྔ་ཙམ་སྐབས་སུ། ཁེ་མོ་ལོ་ཧྥུ་སི་ཅིས་ཙུང་ཐུང་ལས་བཤག་ལ་ཁེ་ཕ་ཆི་དང་ཐུག་འཕྲད་གནང་ནས། ཨུ་ཁེ་ལན་ཉམས་ཉེན་གྱིས་ཕོ་ལན་ལ་བཟོས་པའི་ཤུགས་རྐྱེན་དང་དེ་བཞིན་སྲིད་གཞུང་གསར་པའི་འོས་འདེམས་མི་སྣའི་གནད་དོན་ཐད་གྲོས་བསྡུར་གནང་ཡོད་པ་རེད།

ཕོ་ལན་སྲིད་གཞུང་གི་མགྲིན་ཚབ་པ་པུ་ཝོ་ཨེན་སེ་གས་ཁེ་ཕ་ཆིས་ཕལ་ཆེར་སྤྱི་ཚེ27ཉིན་གྲོས་ཚོགས་ཁང་ལ་སྲིད་གཞུང་གསར་པའི་སྲིད་སྐྱོང་རྩ་འཛིན་སྙན་ཞུ་བྱ་རྒྱུ་མ་ཟད། གྲོས་ཚོགས་ཁང་གི་ཡིད་རྟོན་འདེམས་ཤོག་དང་ལེན་བྱ་རྒྱུ་རེད་ཅེས་བཤད་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག