མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཧྥ་རན་སི་ཕྱིར་དབྱི་རག་ཏུ་ལོག་པར་བྲེལ་བཞིན་ཡོད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-09-15 10:41

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས་བཅུ་གཉིས་ཉིན་ཧྥ་རན་སིའི་ཙུང་ཐུང་ཨོ་ལིང་ཏི་ཡིས་དབྱི་རག་གི་རྒྱལ་ས་པཱ་ཀ་ཏཱ་རུ་འཚམས་འདྲི་བྱས་ཏེ། དབྱི་སི་ལན་ཐལ་སྤྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཀྱི་མནར་གཅོད་ཐེབས་པ་དང་། ད་སོ་མ་བསྐྱར་འཛུགས་བྱས་པའི་དབྱི་རག་གི་སྲིད་གཞུང་གསར་བར་རྒྱབ་སྐྱོར་བྱེད་རྒྱུའི་ཚུལ་བསྟན་པ་དང་། ཞོར་དུ་ཚེས་བཅོ་ལྔ་ཉིན་ཕཱ་རེ་སི་ནས་བསྡུ་རྒྱུ་ཡིན་པའི་དབྱི་རག་གནད་དོན་གྱི་རྒྱལ་སྤྱིའི་གྲོས་ཚོགས་ལ་གྲ་སྒྲིག་བྱས། དེ་ལས་ཧྥ་རན་སིའི་སྲིད་གཞུང་གིས་ཉིས་སྟོང་གསུམ་ལོར་དབྱི་རག་འཐབ་འཁྲུག་ལ་ཞུགས་པར་ཁས་ལེན་མ་བྱས་པའི་རྗེས་སུ། ཧྥ་རན་སི་ཡིས་མྱུར་མོར་ཕྱིར་དབྱི་རག་གི་གཡུལ་སར་ལོག་པར་བྲེལ་བཞིན་ཡོད་པ་མཚོན།

དབྱེ་ཞིབ་མི་སྣས་བལྟས་ན། ཨོ་ལིང་ཏི་ཡིས་ཐེངས་འདིའི་འཚམས་འདྲི་ནས་དབྱི་རག་སྲིད་གཞུང་ལ་རྒྱབ་སྐྱོར་བྱེད་རྒྱུའི་ཚུལ་བསྟན་པ་ལས་གཞན། ཧྥ་རན་སི་ཡིས་སྔར་ལས་ལྷག་པའི་འགུལ་སྐྱོད་སྤེལ་ཏེ་དབྱི་རག་ཏུ་ཕྱིར་ལོག་པར་གྲ་སྒྲིག་བྱས་ཡོད་པ་གསལ་བོར་བསྟན་ཡོད་ཟེར། ཁོ་རང་ཉིད་ཀྱིས་བཤད་པ་ནང་བཞིན་ཧྥ་རན་སི་ཡིས་རང་ཉིད་ཀྱི་འགན་འཁྲི་ཁུར་དུ་བླངས་ནས། ཐལ་སྤྱོད་སྟོབས་ཤུགས་ལ་དམིགས་པའི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་འཐབ་འཁྲུག་དེ་ཡང་དུས་རིམ་གསར་བ་ཞིག་ཏུ་བསླེབ་ངེས་རེད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག