མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་ཀིན་ཐིན་གྱི་གནམ་གྲུ་ཆུང་བ་ཞིག་སར་ལྷུང་སྟེ་མི་གཉིས་རྐྱེན་ལམ་དུ་ཤོར།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-09-15 10:40

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མི་གཉིས་བསྡད་ཡོད་པའི་གནམ་གྲུ་ཆུང་བ་ཞིག་ཚེས་བཅུ་བཞི་ཉིན་གྱི་ཕྱི་དྲོའི་དུས་ཚོད་གསུམ་ཡས་མས་སུ་ཨ་ཀིན་ཐིན་གྱི་རྒྱལ་ས་པུའུ་དབྱེ་ནོའུ་སི་ཨེ་ལེ་སི་ཉེ་འདབས་ནས་སར་ལྷུང་བ་དང་། གནམ་གྲུའི་སྟེང་གི་མི་གཉིས་པོ་རྐྱེན་ལམ་དུ་ཤོར།

བསྒྲགས་པའི་གནས་ཚུལ་ལྟར་ན། ཨ་ཀིན་ཐིན་གྱི་ཚོང་བ་ཞིག་དང་ཁོའི་ལྕམ་མོ་བསྡད་ཡོད་པའི་མི་སྒེར་གྱི་གནམ་གྲུ་ཆུང་བ་དེ་པུའུ་དབྱེ་ནོའུ་སི་ཨེ་ལེ་སི་རྒྱལ་ནང་གནམ་གྲུའི་ཐང་དུ་འཕུར་བཞིན་ཡོད་པ་དང་། གནམ་གྲུ་སར་ལྷུང་སྐབས་པུའུ་དབྱེ་ནོའུ་སི་ཨེ་ལེ་སི་ཉེ་འདབས་ཀྱི་ནོའུ་ཨར་ཏི་ཨར་ཐཱ་གཞིས་མིན་སྤྲོ་ཁང་གི་ཁང་བ་ཞིག་ལ་ཐོ་བརྒྱབ་ཀྱང་སྟབས་ལེགས་པ་ཞིག་ལ་ཁང་བ་དེར་མི་བསྡད་མེད་ཟེར།

དངོས་སུ་མཐོང་མཁན་གྱིས་བཤད་རྒྱུར། གནམ་གྲུ་ཆུང་བ་དེ་གཞིས་མིན་སྤྲོ་ཁང་ཉེ་འགྲམ་གྱི་མཚོ་ནང་དུ་བཙན་གྱིས་འབབ་རྩིས་བྱས་ཀྱང་ལེགས་འགྲུབ་མ་བྱུང་བ་དང་། མཇུག་མཐར་གནམ་གྲུ་དེ་གཞིས་མིན་སྤྲོ་ཁང་ཞིག་ལ་ཐོ་བརྒྱབ་པ་རེད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག