མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཧཱ་མཱ་སིའི་དཔོན་རིགས་ཀྱིས་དབྱི་སི་རལ་དང་ཐད་ཀར་གྲོས་མོལ་བྱེད་མི་སྲིད་པར་བཤད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-09-14 11:15

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སིའི་མཐོ་རིམ་དཔོན་རིགས་ཧཱ་ནེ་ཡཱ་ཡིས་ཚེས་བཅུ་གསུམ་ཉིན་བསྟན་དོན། ཧཱ་མཱ་སི་ཡིས་དབྱི་སི་རལ་དང་ཐད་ཀར་གྲོས་མོལ་བྱེད་མི་སྲིད་ཟེར།

ཧཱ་མཱ་སིའི་དཔོན་རིགས་གཞན་པ་ཞིག་གིས་དེའི་སྔོན་བསྟན་དོན། གལ་ཏེ་གདམ་གསེས་གཞན་པ་མེད་ན། ཧཱ་མཱ་སི་ཡིས་དབྱི་སི་རལ་དང་ཐད་ཀར་གྲོས་མོལ་བྱེད་རྒྱུ་ཡིན་ཟེར་ཡང་། ཧཱ་ནེ་ཡཱ་ཡིས་ཚེས་བཅུ་གསུམ་ཉིན་ཅཱ་ཧྲ་ས་ཁུལ་ནས་བསྡུས་པའི་གསར་འགོད་པའི་ཚོགས་འདུའི་སྟེང་བཤད་ཚུལ་དེར་ཁས་ལེན་མ་བྱས།

ཧཱ་ནེ་ཡཱ་ཡིས་ད་རུང་བསྟན་དོན། ཧཱ་མཱ་སི་ཡིས་རྩ་འཛུགས་རང་གི་མཚོན་ཆ་བསྐྱུར་ནས་ཅཱ་ཧྲ་ས་ཁུལ་གྱི་བསྐྱར་འཛུགས་བརྩོན་ལེན་བྱེད་མི་སྲིད་ཟེར། ཁོས་བཤད་རྒྱུར། ཕཱ་ལེ་སི་ཐན་རྒྱལ་ཁབ་མ་བཙུགས་གོང་། དྲག་ཆས་འགོག་རྒོལ་མཚམས་འཇོག་མི་སྲིད་ཟེར། དེ་ལས་གཞན་ཧཱ་ནེ་ཡཱ་ཡིས་ད་རུང་ཨེ་ཅིབ་ཕྱོགས་ཀྱིས་ཕཱ་ལེ་སི་ཐན་དང་དབྱི་སི་རལ་ཕྱོགས་གཉིས་ཀྱིས་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་ལག་བསྟར་བྱས་པའི་གནས་ཚུལ་ལ་ལྟ་རྟོག་བྱེད་དགོས་པའི་སྐུལ་མ་བཏང་།

ཨེ་ཅིབ་ཀྱི་བར་འདུམ་འོག ཕཱ་ལེ་སི་ཐན་དང་དབྱི་སི་རལ་ཕྱོགས་གཉིས་ཀྱིས་ཟླ་བརྒྱད་པའི་་ཚེས་ཉེར་དྲུག་ཉིན་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་བཀོད་དེ། ཉིན་ལྔ་བཅུ་ལྷག་འགོར་བའི་ཁྲག་བཞུར་འཁྲུག་རྩོད་མཇུག་སྒྲིལ་བ་རེད། གྲོས་མཐུན་དེ་ལྟར་ན། ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཐུས་མིས་འཁྲུག་རྩོད་མཚམས་བཞག་རྗེས་ཀྱི་ཟླ་ངོ་གཅིག་གི་ནང་ཨེ་ཅིབ་ཀྱི་རྒྱལ་ས་ཁེ་རོ་རུ་སོང་ནས། ཕྱོགས་གཉིས་བར་འགལ་བ་ཅུང་ཆེ་བའི་གནད་དོན་གཙོ་བོའི་ཐད་ནས་མུ་མཐུད་དུ་གྲོས་མོལ་བྱེད་དགོས་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག