མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་མེ་རི་ཁའི་དམག་དཔུང་གིས་ཀོན་ཏའོ་གླིང་ཕྲན་ནས་དམག་དོན་སྦྱོང་བརྡར་བྱ་འགུལ་སྤེལ་རྒྱུ་རེད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-09-14 11:14

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་དམག་དཔུང་གིས་ཟླ་འདིའི་ཚེས་བཅོ་ལྔ་ཉིན་ནས་བཟུང་ཀོན་ཏའོ་གླིང་ཕྲན་ནུས་དུས་ཡུན་གཟའ་འཁོར་གཅིག་རིང་གི་དམག་དོན་སྦྱོང་བརྡར་བྱ་འགུལ་སྤེལ་རྒྱུའི་འཆར་གཞི་ཡོད། གནམ་གྲུ་འབབ་སའི་གྲུ་གཟིངས་གཉིས་དང་བཅས་པའི་དམག་གྲུ་བཅུ་དགུ་དང་། དམག་བཀོལ་གནམ་གྲུ་ཉིས་བརྒྱ་ལྷག དེ་མིན་ཨ་མེ་རི་ཁའི་དམག་མི་ཁྲི་གཅིག་དང་སྟོང་བརྒྱད་ཙམ་ཐེངས་འདིའི་དམག་དོན་སྦྱོང་བརྡར་བྱ་འགུལ་ལ་ཞུགས་རྒྱུ་རེད། དམག་དོན་སྦྱོང་བརྡར་དེར་ཨ་མེ་རི་ཁའི་དམག་མི་ཁོ་ན་ལས་ཞུགས་མེད་པ་དང་། དམག་མི་མང་ཤོས་ནི་མཚོ་དམག་དང་མཁའ་དམག་ཡིན་ལ། མཚོ་དམག་སྐམ་འཐབ་རུ་ཁག་དང་སྐམ་དམག་གིས་ཀྱང་དམག་མི་མངག་གཏོང་བྱེད་རྒྱུ་རེད། དམག་དོན་སྦྱོང་བརྡར་གྱི་ནང་དོན་ལ་ཇི་ལྟར་ཆུ་འཛུལ་གྲུ་གཟིངས་འཚོལ་བ་དང་། མཚོ་ཐོག་ནས་དོགས་ཡོད་གྲུ་གཟིངས་ཇི་ལྟར་འགོག་པ། གླིང་ཕྲན་སྟེང་དུ་གསར་དུ་སྒྲིག་སྦྱོར་བྱས་པའི་འཕུར་མདའི་འགོག་སྲུང་མ་ལག་བེད་སྤྱོད་ཇི་ལྟར་བྱེད་པ་སོགས་འདུས། ཨ་མེ་རི་ཁས་ཉིས་སྟོང་དྲུག་ལོ་དང་། ཉིས་སྟོང་བཅུ་ལོ། ཉིས་སྟོང་བཅུ་གསུམ་ལོ་བཅས་ལ་རིགས་དེ་མཚུངས་ཀྱི་དམག་དོན་སྦྱོང་བརྡར་སྤེལ་མྱོང་བ་དང་། ཐེངས་འདིའི་དམག་དོན་སྦྱོང་བརྡར་གྱི་དམིགས་ཡུལ་ནི། ཞི་བདེ་རྒྱ་མཚོ་ཆེན་མོའི་མཁའ་དམག་དམག་སྤྱི་ཁང་གི་མགྲིན་ཚབ་པ་ཧཱ་ལིན་ཏོན་གྱིས་བཤད་རྒྱུར། ཨ་མེ་རི་ཁའི་དམག་དཔུང་ནང་ཁུལ་གྱི་རིམ་པ་མཐོ་བའི་མཉམ་འབྲེལ་སྦྱོང་བརྡར་དེས་དམག་དཔུང་གིས་ས་ཁུལ་དེར་དམག་དོན་སྟོབས་ཤུགས་བཟང་བོ་སྲུང་འཛིན་བྱེད་པར་འགན་སྲུང་བྱས་ཏེ། མནའ་མཐུན་དང་གྲོགས་པོར་ཁས་ལེན་བྱས་པའི་དམ་བཅའ་ལག་བསྟར་བྱེད་པའི་ནུས་པ་ཡོད་པར་བྱེད་པའི་ཆེད་ཡིན་ཟེར།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག