མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

དབྱི་རག་གི་ཙུང་ལི་ཡིས་བཀའ་རྒྱ་བཏང་སྟེ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱིས་བཙན་བཟུང་བྱས་པའི་གྲོང་ཁྱེར་ལ་མེ་སྒྱོགས་འཕེན་མཚམས་འཇོག་དགོས་པའི་རེ་བ་བཏོན།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-09-14 11:14

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་རག་གི་ཙུང་ལི་ཨ་པཱ་ཏིས་ཀྱིས་ཚེས་བཅུ་གསུམ་ཉིན་བཤད་རྒྱུར། ཁོས་བཀའ་རྒྱ་བཏང་སྟེ་དབྱི་རག་གི་བདེ་འཇགས་དམག་དཔུང་གིས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱིས་བཙན་བཟུང་བྱས་པའི་གྲོང་ཁྱེར་ལ་མེ་སྒྱོགས་འཕེན་མཚམས་འཇོག་དགོས་པའི་རེ་བ་བཏོན་ཡོད་ཟེར།

དབྱི་རག་གི་ཙུང་ལི་དང་དམག་དཔུང་གི་སྤྱི་ཁྱབ་དམག་དཔོན་གྱི་འགན་གཅིག་ལྕོགས་སུ་ཁུར་མཁན་ཨ་པཱ་ཏིས་ཉིན་དེར་རྒྱལ་ས་པཱ་ཀ་ཏཱ་ནས་ཡུལ་གྱར་བའི་གནད་དོན་གྱི་གྲོས་ཚོགས་ཤིག་ལ་ཞུགས་སྐབས་བསྟན་དོན། སྔར་ལས་མང་བའི་མི་སེར་དཀྱུས་མར་ཤི་རྨས་མི་ཐེབས་པའི་ཆེད་དུ། ཁོས་ཉིན་གཉིས་ཀྱི་སྔོན་ལ་བཀའ་རྒྱ་བཏང་སྟེ། བདེ་འཇགས་དམག་དཔུང་གིས་བཙན་བཟུང་བྱས་པའི་གྲོང་ཁྱེར་དང་སྡོད་དམངས་ས་ཁུལ་དུ་མེ་སྒྱོགས་འཕེན་མཚམས་འཇོག་དགོས་པའི་རེ་བ་བཏོན་ཡོད་ཟེར།

ཨ་པཱ་ཏིས་ཀྱིས་ཞོར་དུ་ནན་གྱིས་བསྟན་དོན། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་དམིགས་པའི་དམག་དོན་འགུལ་སྐྱོད་མཚམས་འཇོག་མི་སྲིད། དྲག་ཆས་ཉེས་ཅན་གྱིས་མི་སེར་དཀྱུས་མ་གང་འདོད་དུ་དམར་གསོད་གཏོང་ན། ང་ཚོས་མུ་མཐུད་དུ་ཁོ་ཚོར་ཆམ་ཕབ་གཏོང་རྒྱུ་ཡིན་ལ། མི་སེར་དཀྱུས་མའི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པར་ལྷོད་གཡེང་གཏན་ནས་བྱེད་མི་རུང་ཟེར།

གྲོས་ཚོགས་ལ་ཞུགས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་དབྱི་རག་གནད་དོན་གྱི་དམིགས་བསལ་འཐུས་མི་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབྱི་རག་རོགས་སྐྱོར་ཚོགས་པའི་ཚོགས་གཙོ་མུའུ་ལཱ་ཏི་ནོའུ་ཧྥུའུ་ཡིས་ཨ་པཱ་ཏིས་ཀྱིས་མི་སེར་དཀྱུས་མར་སྲུང་སྐྱོབ་བྱེད་པའི་འགུལ་སྐྱོད་སྤེལ་བར་དགའ་བསུ་ཞུས།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག