མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱིས་མཉམ་དུ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་པར་ཆམ་ཕབ་གཏོང་བར་ཐུན་མོང་གི་ལྟ་ཚུལ་བྱུང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-09-13 11:17

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་སོ་སོའི་ཕྱི་འབྲེལ་བློན་ཆེན་གྱིས་ཚེས་བདུན་ཉིན་ཁེ་རོ་ནས་གྲོས་ཚོགས་བསྡུས་པ་དང་། གྲོས་ཚོགས་བསྡུས་རྗེས་སྤེལ་བའི་མཉམ་འབྲེལ་གསལ་སྒྲོག་ཁྲོད་དགོས་ངེས་ཀྱི་བྱེད་ཐབས་སྤྱད་དེ་དབྱི་སི་ལན་རྒྱལ་ཁབ་སོགས་འཇིགས་སྐུལ་རྩ་འཛུགས་ལ་མཉམ་དུ་ཆམ་ཕབ་གཏོང་རྒྱུ་རེད།

གསལ་སྒྲོག་ལས་བཤད་རྒྱུར། ཁོངས་གཏོགས་རྒྱལ་ཁབ་སོ་སོས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་མ་དངུལ་ཡོང་ཁུངས་སྣ་ཚོགས་གཅོད་དགོས་པ་དང་། ཆབ་སྲིད་ཐད་ནས་དེར་ཀུ་ཡངས་གཏོང་མི་རུང་ལ། གང་མགྱོགས་ཀྱིས་རྒྱལ་ཁབ་སོ་སོ་དང་ས་ཁུལ་སོ་སོའི་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་བའི་འཐབ་ཇུས་གཏན་འབེབས་བྱེད་དགོས།

དེའི་སྔོན་གྲོས་ཚོགས་ལ་ཞུགས་པའི་ཨ་རབ་རྒྱལ་ཁབ་དག་གི་ཕྱི་འབྲེལ་དཔོན་པོས་ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱིས་ཨ་མེ་རི་ཁར་མཉམ་ལས་བྱས་ཏེ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་པར་ཆམ་ཕབ་གཏོང་བ་ཁྱབ་སྒྲོག་བྱེད་སྲིད་པར་བཤད་ཀྱང་། གྲོས་ཚོགས་གྲོལ་རྗེས་ཀྱི་མཉམ་འབྲེལ་གསལ་སྒྲོག་ལས་དོན་དེ་གླེང་མེད།

ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་དྲུང་ཡིག་ཆེན་མོ་ཨ་ལཱ་པུས་ཀྱིས་ཉིན་དེའི་སྔ་དྲོར་བསྟན་དོན། མུ་མཐུད་དུ་སྟོབས་ལྡན་དུ་འགྱུར་བཞིན་པའི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱིས་དབྱི་རག་ལ་འཇིགས་ཉེན་ཚབས་ཆེན་བཟོས་པར་མ་དང་། ཨ་རབ་རྒྱལ་ཁབ་གཞན་པར་ཡང་འཇིགས་ཉེན་ཐེབས་ཡོད་པས། རྒྱལ་ཁབ་སོ་སོས་མཉམ་དུ་འབད་བརྩོན་བྱས་ཤིང་། ཆབ་སྲིད་དང་དམག་དོན་བྱེད་ཐབས་གཉིས་ལྡན་པའི་ཐབས་ཇུས་ཤིག་གཏན་འབེབས་བྱས་ཏེ། འཇིགས་སྐུལ་རྩ་འཛུགས་དེ་སྔར་ལས་རྒྱ་ཇེ་ཆེར་འགྲོ་བར་ཚོད་འཛིན་བྱེད་དགོས་ཟེར།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག