མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨོ་པཱ་མཱ་ཡིས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཆམ་ཕབ་གཏོང་བའི་ཇུས་གཞི་ཕྱོགས་ཡོངས་ནས་རྒྱས་བཤད་བྱེད་རྒྱུ་རེད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-09-13 11:17

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་ཙུང་ཐུང་ཨོ་པཱ་མཱ་ཡིས་ཚེས་བདུན་ཉིན་བཏང་བའི་བརྙན་འཕྲིན་ཁ་བརྡའི་ལེ་ཚན་ནང་བསྟན་དོན། ཁོས་ཚེས་བཅུ་ཉིན་སྤེལ་རྒྱུ་ཡིན་པའི་གཏམ་བཤད་ལས་ཨ་མེ་རི་ཁས་ཐལ་སྤྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པར་ཆམ་ཕབ་གཏོང་བའི་ཇུས་གཞི་རྒྱས་བཤད་བྱེད་རྒྱུ་ཡིན་ཟེར།

ཨོ་པཱ་མཱ་ཡིས་ཨ་མེ་རི་ཁའི་རྒྱལ་ཡོངས་རྒྱང་སྒྲོག་ཀུང་ཟིའི་གསར་འགྱུར་ལས་རིགས་ལ་ཐུག་འཕྲད་བྱེད་པའི་ལེ་ཚན་ནང་བསྟན་དོན། ཆམ་ཕབ་གཏོང་བའི་ཇུས་གཞི་དེར་དཔལ་འབྱོར་དང་ཆབ་སྲིད། དམག་དོན་སོགས་ཁྱབ་ཁོངས་མང་བོར་འབྲེལ་ཡོད། ཕྱིན་ཆད་ཀྱི་ཟླ་ངོ་འགའི་ནང་ཨ་མེ་རི་ཁས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཚོད་འཛིན་བྱེད་རྒྱུ་མ་ཟད། རྩ་འཛུགས་དེའི་སྟོབས་ཤུགས་ཇེ་ཆུང་དུ་གཏོང་བ་དང་། དེས་བཙན་བཟུང་བྱས་པའི་ས་ཁོངས་ཕྱིར་འཕྲོག་ལེན་བྱས་ཏེ། མཇུག་མཐར་ཁོ་ཚོར་ཆམ་ཕབ་གཏོང་དགོས་ཟེར།

ཨོ་པཱ་མཱ་ཡིས་རྒྱལ་སྤྱི་དང་ས་ཁུལ་གྱི་མནའ་འབྲེལ་ལ་བརྟེན་ནས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་འཇིགས་ཉེན་ཐག་གཅོད་བྱེད་རྒྱུ་ནན་བཤད་བྱས་པ་དང་། ཁོས་ད་རུང་ཨ་མེ་རི་ཁས་ས་ངོས་ཀྱི་དམག་དཔུང་མངག་གཏོང་མི་བྱེད་པ་བསྐྱར་སྒྲོག་བྱས།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག