མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཝུའུ་ཁི་ལན་དབང་འཛིན་ལས་ཁུངས་དང་དམངས་ཁྲོད་དྲག་ཆས་པས་ཏོན་ནེ་ཚི་ཁིའི་ཉེ་འདབས་ནས་བཟུང་དམག་བརྗེ་རེས་བྱས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-09-13 11:15

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གཟའ་འཁོར་སྔོན་མར་བཀོད་པའི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་ལྟར་དུ། ཝུའུ་ཁི་ལན་དབང་འཛིན་ལས་ཁུངས་དང་ཤར་ཕྱོགས་དམངས་ཁྲོད་དྲག་ཆས་པས་ཚེས་བཅུ་གཉིས་ཉིན་བཟུང་དམག་བཅུ་ཕྲག་འགའ་བརྗེ་རེས་བྱས། ཐེངས་འདིའི་བཟུང་དམག་བརྗེ་རེས་བྱེད་པའི་བྱ་བ་དེ་དམངས་ཁྲོད་དྲག་ཆས་པས་ཚོད་འཛིན་བྱེད་པའི་ཝུའུ་ཁི་ལན་ཤར་ཕྱོགས་ས་ཁུལ་གྱི་ཏོན་ནེ་ཚི་ཁི་གྲོང་ཁྱེར་ཉེ་འདབས་ནས་སྤེལ་བ་རེད། བརྒྱུད་རིམ་ཡོངས་ལ་རྒྱལ་སྤྱིའི་ལྟ་ཞིབ་པས་ལྟ་རྟོག་བྱས། ཝུའུ་ཁི་ལན་གྱི་ཙུང་ཐུང་པའོ་ལོ་ཧྲིན་ཁི་ཡིས་བཤད་རྒྱུར། གྲོས་མོལ་བྱས་པ་བརྒྱུད། ཝུའུ་ཁི་ལན་གྱི་དམག་མི་སོ་དྲུག་ཕྱིར་བཏང་བ་དང་། དེ་ལས་གཞན་དམག་མི་ཉེར་གཅིག་སྔ་ཉིན་ཕྱིར་བཏང་བ་རེད་ཟེར། ཨ་མེ་རི་ཁའི་མཉམ་འབྲེལ་འཕྲིན་གཏོང་ཁང་གིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཝུའུ་ཁི་ལན་སྲིད་གཞུང་དམག་དཔུང་གིས་ཐེངས་འདིའི་དམངས་ཁྲོད་དྲག་ཆས་མི་སྣ་སོ་གཅིག་ཕྱིར་སྤྲད་ཟེར། ཡང་དག་པའི་རྒྱུ་ཆ་ཞིག་མེད་ཀྱང་། ཨ་མེ་རི་ཁའི་མཉམ་འབྲེལ་འཕྲིན་གཏོང་ཁང་གིས་ཚོད་དཔག་བྱས་ན། ཝུའུ་ཁི་ལན་སྲིད་གཞུང་དམག་དཔུང་དང་དམངས་ཁྲོད་དྲག་ཆས་པའི་ལག་ཏུ་ད་རུང་བཟུང་དམག་བརྒྱ་ཕྲག་འགའ་ཡོད་པ་རེད། ཝུའུ་ཁི་ལན་དབང་འཛིན་ལས་ཁུངས་དང་དམངས་ཁྲོད་དྲག་ཆས་པས་ཚེས་ལྔ་ཉིན་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་བཀོད་པ་དང་། དེར་འཁྲུག་རྩོད་མཚམས་འཇོག་པ་དང་། འཁྲུག་རྩོད་མཚམས་འཇོག་པར་ལྟ་རྟོག་བྱེད་པ། བཟུང་དམག་བརྗེ་རེས་བྱེད་པ་སོགས་ནང་དོན་འདུས།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག