མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཐུར་ཁེ་ཡིས་ཨ་མེ་རི་ཁའི་བར་མཉམ་ལས་བྱས་ཏེ་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་འདོད་ཡོད་པའི་ཚུལ་བསྟན།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-09-13 11:15

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཐུར་ཁེའི་གསར་འགྱུར་ལས་རིགས་ཀྱིས་ཚེས་བཅུ་གཉིས་ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། ཐུར་ཁེ་དང་ཨ་མེ་རི་ཁས་ཉིན་དེར་གསང་འཕྲིན་མཉམ་སྤྱོད་བྱེད་པར་འཐད་པ་བྱུང་བ་དང་། མུ་མཐུད་དུ་མཉམ་ལས་བྱས་ཏེ་དབུས་ཤར་ས་ཁུལ་གྱི་འཇིགས་སྐུལ་རིང་ལུགས་དང་འཇིགས་སྐུལ་རྩ་འཛུགས་ལ་ཆམ་ཕབ་གཏོང་རྒྱུ་ཡིན་ཟེར།

ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏའོ་ཨན་གྱིས་ཉིན་དེར་འཚམས་འདྲིར་ཡོང་བའི་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཁི་ལེ་དང་གྲོས་མོལ་བྱས། ཁི་ལེ་ཡི་ཐེངས་འདིའི་འགྲུལ་བཞུད་ཀྱི་དམིགས་ཡུལ་ནི་ཐུར་ཁེ་ཡིས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཆམ་ཕབ་་གཏོང་བའི་མཉམ་འབྲེལ་གྱི་འགུལ་སྐྱོད་ཁྲོད་ནུས་པ་སྔར་ལས་ཆེན་པོ་འདོན་པར་བརྩོན་ལེན་བྱེད་རྒྱུ་དེ་རེད།

ཨེ་ཨར་ཏའོ་ཨན་ལས་གཞན་ཁི་ལེ་ཡིས་ཉིན་དེར་ད་རུང་ཐུར་ཁེའི་ཙུང་ལི་ཏཱ་ཝུའུ་ཐི་ཨོ་ལུའུ་དང་ཕྱི་འབྲེལ་བློན་ཆེན་ཆཱ་ཝུའུ་ཧྲི་ཨོ་ལུའུ་གཉིས་དང་མཉམ་དུ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཆམ་ཕབ་གཏོང་བའི་ཐད་ནས་སོ་སོར་གྲོས་མོལ་བྱས།

མིང་བཤད་མི་འདོད་པའི་ཐུར་ཁེའི་དཔོན་པོ་ཞིག་གིས་བཤད་རྒྱུར། ཐུར་ཁེ་ཡིས་མཉམ་དུ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཆམ་ཕབ་གཏོང་བའི་འགུལ་སྐྱོད་ཁྲོད་མཁོ་སྒྲུབ་རོགས་སྐྱོར་འདོན་སྤྲོད་བྱེད་འདོད་ཡོད་ཀྱང་། འཐབ་འཁྲུག་འགུལ་སྐྱོད་དེར་ཞུགས་འདོད་མེད་ཟེར།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག