མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཝུའུ་ཁི་ལན་གྱི་ཙུང་ཐུང་གིས་བྱང་ཆིངས་རྩ་འཛུགས་བར་དམིགས་བསལ་གྱི་འབྲེལ་བ་འཛུགས་དགོས་པར་བཤད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-09-13 11:15

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཝུའུ་ཁི་ལན་གྱི་ཙུང་ཐུང་པའོ་ལོ་ཧྲིན་ཁི་ཡིས་ཚེས་བཅུ་གཉིས་ཉིན་བསྟན་དོན། ཁོས་བྱང་ཆིངས་རྩ་འཛུགས་བར་དམིགས་བསལ་གྱི་འབྲེལ་བ་ཞིག་འཛུགས་འདོད་ཡོད་ཟེར། པའོ་ལོ་ཧྲིན་ཁི་ཡིས་ཉིན་དེར་ཅི་ཧྥུའུ་ནས་སྤེལ་བའི་རྒྱལ་སྤྱིའི་ཚོང་ལས་གླེང་སྟེགས་ཤིག་གི་སྟེང་བཤད་རྒྱུར། ཁོས་གཟའ་འཁོར་རྗེས་མར་ཨ་མེ་རི་ཁར་འཚམས་འདྲི་བྱས་ཏེ། ཨ་མེ་རི་ཁའི་ཙུང་ཐུང་ཨོ་པཱ་མཱ་དང་ཨ་མེ་རི་ཁའི་རྒྱལ་ཚོགས་ཀྱི་གྲོས་མིར་གྲོས་མོལ་བྱེད་རྒྱུ་ཡིན། ཁོས་བསྟན་དོན། ཐེངས་འདིར་ཨ་མེ་རི་ཁར་འཚམས་འདྲི་བྱེད་པའི་གོ་སྐབས་དང་བསྟུན་ནས། ཝུའུ་ཁི་ལན་གྱིས་བྱང་ཆིངས་རྩ་འཛུགས་བར་དམིགས་བསལ་གྱི་འབྲེལ་བ་ཞིག་འཛུགས་ཐུབ་ངེས་རེད་ཟེར། པའོ་ལོ་ཧྲིན་ཁི་ཡིས་བྱེ་བྲག་ཏུ་དམིགས་བསལ་གྱི་འབྲེལ་བ་ཅི་ཞིག་འཛུགས་རྒྱུ་ཡིན་པ་གསལ་བོར་མ་བཤད་ཀྱང་། གསར་འགྱུར་ལས་རིགས་ཀྱིས་ཡོངས་ཁྱབ་ཏུ་བལྟས་ན། ཝུའུ་ཁི་ལན་གྱིས་མིག་སྔར་བྱང་ཆིངས་རྩ་འཛུགས་བར་གྱི་འབྲེལ་བ་ཇེ་ཟབ་ཏུ་གཏོང་བར་བྲེལ་བཞིན་ཡོད་པ་དང་། དམག་དོན་རྩ་འཛུགས་དེ་ལ་བརྟེན་ནས་ཨུ་རུ་སིའི་འཇིགས་ཉེན་ཐག་གཅོད་བྱེད་འདོད་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག