མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཀྲུང་གོ་དང་འཇར་པན། ཧན་གོ་བཅས་ཀྱི་ཕྱི་འབྲེལ་བློན་ཆེན་གྱི་གྲོས་མོལ་ཐེངས་དགུ་བ་ཧན་གོ་ནས་སྤེལ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-09-12 11:16

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོ་དང་འཇར་པན། ཧན་གོ་བཅས་ཀྱི་ཕྱི་འབྲེལ་བློན་ཆེན་གྱི་གྲོས་མོལ་ཐེངས་དགུ་བ་ཚེས་བཅུ་གཅིག་ཉིན་ཧན་གོའི་རྒྱལ་ས་ཧྲིག་ཨར་ནས་བསྡུས། ཀྲུང་གོའི་ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་གཞོན་པ་ལིག་ཀྲིན་མེན་དང་། ཧན་གོའི་ཕྱི་འབྲེལ་པུའུ་ཡི་བློན་ཆེན་གཞོན་པ་པུའུ་ལེ་ཅིན་ཞིག འཇར་པན་གྱི་ཕྱི་འབྲེལ་པུའུ་ཡི་དཔོན་པོ་ཧྲན་ཧྲན་ཅིན་ཧྥུའུ་བཅས་གྲོས་ཚོགས་ལ་ཞུགས།

ཕྱོགས་གསུམ་གྱིས་ད་ལོའི་ཀྲུང་གོ་དང་འཇར་པན། ཧན་གོ་བཅས་ཀྱི་དཔལ་འབྱོར་ཉོ་ཚོང་དང་། ཁོར་ཡུག་སྲུང་སྐྱོབ། མི་གཞུང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཐད་ནས་བླངས་པའི་གྲུབ་འབྲས་ལ་ཕྱིར་དྲན་བྱས་པ་དང་། དུས་རིམ་རྗེས་མའི་རྒྱལ་ཁབ་གསུམ་གྱི་མཉམ་ལས་ཀྱི་ཁྱབ་ཁོངས་གཙོ་བོ་དང་མཉམ་ལས་འདོད་བློར་གྲོས་བསྡུར་བྱས་པར་མ་ཟད། རྒྱལ་ཁབ་གཉིས་ཀྱི་མཉམ་ལས་དང་འཕེལ་རྒྱས་ཀྱི་ཁ་ཕྱོགས་ཐད་ནས་བསམ་འཆར་བརྗེ་རེས་བྱས། ཕྱོགས་གསུམ་གྱིས་མུ་མཐུད་དུ་རྒྱལ་ཁབ་གསུམ་གྱི་ཁྱབ་ཁོངས་སོ་སོའི་བརྗེ་རེས་དང་མཉམ་ལས་ལ་ཡར་སྐུལ་བྱེད་པར་འཐད་པ་བྱུང་བ་དང་། སྔ་མོ་ནས་རྒྱལ་ཁབ་གསུམ་གྱི་མཉམ་ལས་ཐད་གནས་པའི་དཀའ་ཁག་དང་འགྲན་རྩོད་ཐག་གཅོད་བྱས་ཏེ། རྒྱལ་ཁབ་གསུམ་གྱི་མཉམ་ལས་དང་བདེ་ཐང་། བརྟན་འཇགས་འཕེལ་རྒྱས་ལ་ཡར་སྐུལ་བཏང་ནས། ཨེ་ཤ་ཡཱ་ཤར་མའི་ས་ཁོངས་མཉམ་ལས་ལ་ཡར་སྐུལ་བྱེད་པའི་ཐད་དགོས་ངེས་ཀྱི་བྱས་རྗེས་འཇོག་དགོས་ཟེར།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག