མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཡོ་རོབ་གླིང་ཨུ་ཡོན་ལྷན་ཁང་གིས་ཨ་མེ་རི་ཁའི་ཉེན་རྟོག་པས་ཚད་ལས་བརྒལ་བར་མཚོན་ཆ་བཀོལ་བར་སེམས་ཁུར་བྱེད་བཞིན་ཡོད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-21 10:45

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཡོ་རོབ་གླིང་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ་ཡཱ་ཀི་ལན་གྱིས་ཚེས་ཉི་ཤུའི་ཉིན་གསལ་སྒྲོག་སྤེལ་ཏེ། ཨ་མེ་རི་ཁའི་ཉེན་རྟོག་པས་མང་ཚོགས་ལ་ཚད་ལས་བརྒལ་བར་མཚོན་ཆ་བཀོལ་བར་སེམས་ཁུར་བྱེད་བཞིན་ཡོད་པ་དང་། ཨ་མེ་རི་ཁའི་སྲིད་གཞུང་གིས་གྲོང་ཁྱེར་སྡོད་དམངས་ཀྱིས་སྲང་ལམ་ནས་ཁྲོམ་སྐོར་བྱེད་པའི་གནད་དོན་དེའི་ཤུགས་ཀྱི་སྤྱི་ཚོགས་དང་དཔལ་འབྱོར་གནད་དོན་ལ་མཐོང་ཆེན་བྱེད་དགོས་པའི་འབོད་སྐུལ་བཏང་།

གསལ་སྒྲོག་ལས་བཤད་རྒྱུར། ཉེ་སྔོན་ཨ་མེ་རི་ཁའི་མུས་སུའུ་ལི་ཀྲིག་ཧྥོ་ཀི་སུན་ས་ཁུལ་ནས་བྱུང་བའི་ཉེན་རྟོག་པས་ན་གཞོན་བསད་པའི་དོན་རྐྱེན་དེར་ས་གནས་མང་ཚོགས་ཀྱིས་རྒོལ་གཏམ་དྲག་པོ་བཏང་བར་མ་ཟད། འཁྲུག་རྩོད་དང་དྲག་ཤུགས་དོན་རྐྱེན་རབ་དང་རིམ་པ་བྱུང་། ཡཱ་ཀི་ལན་གྱིས་དོན་དེར་སེམས་ཁུར་བྱེད་བཞིན་ཡོད་པ་དང་། ས་གནས་དབང་ཤུགས་ལས་ཁུངས་དང་ཁྲོམ་སྐོར་བྱེད་པའི་མང་ཚོགས་ཀྱིས་རང་ཚོད་བཟུང་ནས་འགན་འཁྲི་ལག་བསྟར་བྱེད་དགོས་པའི་རེ་བ་བཏོན།

ཨ་མེ་རི་ཁའི་ཉེན་རྟོག་པས་རྔམ་སྟོན་ཁྲོམ་སྐོར་ལ་ཞུགས་པའི་མང་ཚོགས་སྐོར་ཞིག་འཛིན་བཟུང་བྱས་པའི་ཐད་ནས་ཡཱ་ཀི་ལན་གྱིས་བཤད་རྒྱུར། དེ་ནི་ཡོ་རོབ་གླིང་ཨུ་ཡོན་ལྷན་ཁང་གི་འགྲོ་མིའི་ཐོབ་ཐང་ལ་སྲུང་སྐྱོབ་བྱེད་པའི་རྩ་དོན་ལ་མངོན་གསལ་དུ་རྡོག་བརྫིས་བཏང་བ་ཡིན་པ་དང་། སྤྱི་དམངས་ལ་རང་གི་འདོད་བློ་སྟོན་པའི་དབང་ཆ་ཡོད། ཡོ་རོབ་གླིང་ཨུ་ཡོན་ལྷན་ཁང་གི་ལྟ་ཞིབ་པའི་ཐོབ་ཐང་ཡོད་པའི་རྒྱལ་ཁབ་ཅིག་ཡིན་པའི་ཆ་ནས། ཨ་མེ་རི་ཁས་ཡོ་རོབ་གླིང་ཨུ་ཡོན་ལྷན་ཁང་གི་གཞི་རྩའི་རྩ་དོན་བརྩི་སྲུང་བྱེད་དགོས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག