མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲ་ས་ཁུལ་དུ་བར་སྣང་ནས་འཇབ་རྒོལ་བྱས་ཏེ་མི་བཞི་བཅུ་ལྷག་ལ་ཤི་རྨས་ཐེབས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-20 11:12

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་སི་རལ་རྒྱལ་སྲུང་དམག་དཔུང་གིས་ཚེས་བཅུ་དགུའི་ཉིན་ཅཱ་ཧྲ་ས་ཁུལ་དུ་བར་སྣང་ནས་འཇབ་རྒོལ་བྱེད་པའི་ཤུགས་ཚད་ཇེ་ཆེར་བཏང་། ཕཱ་ལེ་སི་ཐན་འཕྲོད་བསྟེན་སྡེ་ཁག་གིས་བཤད་རྒྱུར། ཉིན་དེའི་བར་སྣང་འཇབ་རྒོལ་ལས་མི་གསུམ་རྐྱེན་ལམ་དུ་ཤོར་བ་དང་ད། མི་བཞི་བཅུ་ལྷག་ལ་རྨས་ཕོག་ཟེར། དེ་ནི་ཟླ་འདིའི་ཟླ་མགོར་ཐེངས་མང་བོར་གནས་སྐབས་ཀྱི་འཁྲུག་རྩོད་མཚམས་འཇོག་པར་གྲོས་འཆམ་བྱུང་རྗེས། དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲ་ས་ཁུལ་དུ་སྤེལ་བའི་གཞི་རྒྱ་ཆེས་ཆེ་བའི་བར་སྣང་གི་འཇབ་རྒོལ་ཞིག་རེད།

ཕཱ་ལེ་སི་ཐན་འཕྲོད་བསྟེན་སྡེ་ཁག་གི་དཔོན་རིགས་ཀྱིས་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་ངགིས་ཉིན་དེའི་དགོང་མོར་ཅཱ་ཧྲ་མཁར་གྱི་སྡོད་དམངས་ཐོག་ཁང་ཞིག་ལ་བར་སྣང་ནས་འཇབ་རྒོལ་བྱས་ཏེ། མི་གསུམ་རྐྱེན་ལམ་དུ་ཤོར་བ་དང་། དེའི་ནང་བྱིས་པ་གཅིག་དང་བུད་མེད་གཅིག་ཡོད། གཞན་ཡང་མི་བཞི་བཅུར་རྨས་ཕོག་ཟེར། དཔོན་རིགས་དེས་མཚམས་སྦྱོར་བྱས་དོན། གཞན་ཡང་ཕཱ་ལེ་སི་ཐན་གྱི་མི་བརྒྱད་ལ་དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེའི་སྔ་དྲོར་སྤེལ་བའི་བར་སྣང་འཇབ་རྒོལ་ཁྲོད་རྨས་ཕོག་ཡོད་ཟེར།

དབྱི་སི་རལ་གྱི་དམག་དཔུང་གིས་བཤད་རྒྱུར། ཐེངས་འདིའི་བར་སྣང་འཇབ་རྒོལ་ནི་ཉིན་དེའི་སྔ་དྲོར་ཅཱ་ཧྲ་ས་ཁུལ་ནས་དབྱི་སི་རལ་གྱི་མངའ་ཁོངས་སུ་མེ་ཤུགས་འཕུར་མདའ་འཕང་བར་འཁོན་ལན་སློག་པའི་ཆེད་དུ་ཡིན་ཟེར། དེའི་ཞོར་དུ་ཕཱ་ལེ་སི་ཐན་དང་དབྱི་སི་རལ་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སི་དྲག་ཆས་ཕྱོགས་ཁག་གི་ཁ་སང་སྟོང་ཤོག་གིས་ཚེས་བཅུ་དགུའི་ཉིན་གྱི་དགོང་མོར་བཤད་རྒྱུར། རྩ་འཛུགས་དེས་དབྱི་སི་རལ་གྱི་མཚོ་འགྲམ་གྲོང་ཁྱེར་ཐི་ལཱ་ཝེ་ཧྥུའུ་རུ་མེ་ཤུགས་འཕུར་མདའ་རེ་འགའ་འཕང་བས་དབྱི་སི་རལ་གྱིས་འཁོན་ལན་སློག་པའི་ཆེད་དུ་བར་སྣང་འཇབ་རྒོལ་བྱས་པ་རེད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག