མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕཱ་ལེ་སི་ཐན་གྱི་དཔོན་རིགས་ཀྱིས་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་དུས་ཡུན་རིང་བོར་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མོལ་ལ་གྲུབ་འབྲས་ཐོབ་མེད་པར་བཤད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-20 11:12

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨེ་ཅིབ་ཀྱི་རྒྱལ་ས་ཁེ་རོ་རུ་ཞི་བའི་གྲོས་མོལ་ལ་ཞུགས་པའི་ཕཱ་ལེ་སི་ཐན་གྱི་འཐུས་ཚབ་ཚོགས་པའི་འགན་ཁུར་བ་ཨེ་ཧཱ་མེད་ཏི་ཡིས་ཚེས་བཅུ་དགུའི་ཉིན་གྱི་དགོང་མོར་ཁེ་རོ་ནས་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་དུས་ཡུན་རིང་བོར་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མོལ་ལ་གྲུབ་འབྲས་ཐོབ་མེད་ཟེར།

ཨེ་ཧཱ་མེད་ཏི་ཡིས་བཤད་རྒྱུར། ཕཱ་ལེ་སི་ཐན་ཕྱོགས་ཀྱིས་འཁྲུག་རྩོད་མཚམས་འཇོག་པའི་ཆེས་དམའ་བའི་ཆེ་བའི་སྐོར་གྱི་ཡིག་ཆ་ཞིག་ཨེ་ཅིབ་ལ་སྤྲད་ཡོད་ཀྱང་གྲོས་མོལ་ལ་གྲུབ་འབྲས་མ་ཐོབ་ཟེར། ཁོས་ད་རུང་བཤད་རྒྱུར། མིག་སྔའི་གནས་བབ་སྔར་ལས་ཛ་དྲག་ཡིན་པ་དང་། ཕཱ་ལེ་སི་ཐན་གྱིས་དབྱི་སི་རལ་གྱིས་བཏོན་པའི་ལུགས་མཐུན་མིན་པའི་རེ་བ་དང་ལེན་བྱེད་ཐབས་མེད་ཟེར།

ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སིའི་མཐོ་རིམ་དཔོན་པོ་དབྱེ་ཀྲ་ཐི་ཡིས་ཀྱང་ཉིན་དེར་བཤད་རྒྱུར། དབྱི་སི་རལ་གྱི་འཐུས་ཚབ་ཚོགས་པས་ཞི་བའི་གྲོས་མོལ་ལ་རྣམ་འགྱུར་མི་ལེགས་པ་བཟུང་ཡོད་པས་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པར་རེ་བ་ཆེན་པོ་མེད་ཟེར།

ཕཱ་ལེ་སི་ཐན་དང་དབྱི་སི་རལ་ཕྒཡོགས་གཉིས་ཀྱི་ལངས་ཕྱོགས་ལ་བར་ཁྱད་ཅུང་ཆེ་བའི་དབང་གིས་ཨེ་ཅིབ་ཀྱིས་བར་འདུམ་བྱེད་བཞིན་པའི་དུས་ཡུན་རིང་བོར་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མོལ་ལ་དཀའ་ཁག་ཆེན་པོ་བྱུང་ཡོད། ཨེ་ཅིབ་ཀྱིས་བཏོན་པའི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་དེར་བཟོ་བཅོས་ཐེངས་མང་བྱས་ཀྱང་སྔར་བཞིན་ཕྱོགས་ཀྱིས་ཁས་ལེན་བྱས་མེད།

ཕཱ་ལེ་སི་ཐན་དང་དབྱི་སི་རལ་ཕྱོགས་གཉིས་ཀྱིས་ཚེས་བཅོ་བརྒྱད་ཉིན་གྱི་དགོང་མོར་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་གནས་སྐབས་སུ་མཚམས་འཇོག་པ་དེ་ཡང་བསྐྱར་དུས་ཚོད་ཉེར་བཞིས་ཇེ་རིང་དུ་བཏང་སྟེ་ཕྱོགས་གཉིས་ཀྱིས་མུ་མཐུད་དུ་ཞི་བའི་གྲོས་མོལ་བྱེད་པར་སྟབས་བདེ་བཟོ་བར་འཐད་པ་བྱུང་། ཡིན་ན་ཡང་དབྱི་སི་རལ་གྱི་གསར་འགྱུར་ལས་རིགས་ཀྱིས་ཚེས་བཅུ་དགུའི་ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། ཉིན་དེའི་ཞོགས་པར། ཅཱ་ཧྲ་ས་ཁུལ་ནས་གཏོང་འཕེན་བྱས་པའི་མེ་ཤུགས་འཕར་མདའ་གསུམ་དབྱི་སི་རལ་ལྷོ་ཕྱོགས་ཀྱི་པེ་ཨར་ཞེ་པཱ་གྲོང་ཁྱེར་ཉེ་འདབས་སུ་ལྷུང་བ་དང་། དེར་རྒོལ་ལན་སྤྲོད་ཆེད་དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་ཅཱ་ཧྲ་ས་ཁུལ་གྱི་དམིགས་འབེན་ལ་འཇབ་རྒོལ་བྱས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག