མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱིས་དབྱི་ལིང་དང་མཉམ་དུ་བྱེད་ཐབས་སྣ་ལྔ་ལག་བསྟར་བྱེད་མགོ་བརྩམས་ཡོད་པར་བཤད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-19 11:08

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཐེན་ཡེ་ཀྲི་མུས་ཀྱིས་ཚེས་བཅོ་བརྒྱད་ཉིན་བཤད་རྒྱུར། ལས་ཁུངས་དེས་དབྱི་ལིང་དང་མཉམ་དུ་ད་ལོའི་ཟླ་ལྔ་བར་བཀོད་པའི་བྱེད་ཐབས་སྣ་ལྔ་ལག་བསྟར་བྱེད་མགོ་བརྩམས་ཡོད་ཟེར།

ཉིན་དེར་ཏི་ཧེ་ལན་ནས་ཝེ་ཡེ་ནཱ་རུ་འབྱོར་བའི་ཐེན་ཡེ་ཀྲི་མུས་ཀྱིས་གནམ་གྲུ་ཐང་ནས་གསར་འགྱུར་ལས་རིགས་ལ་བཤད་རྒྱུར། དབྱི་ལིང་དུ་འཚམས་འདྲི་བྱེད་སྐབས། ཁོ་དང་དབྱི་ལིང་གི་ཙུང་ཐུང་ལུའུ་ཧཱ་ནེ་དང་ཕྱི་འབྲེལ་བློན་ཆེན་ཀྲི་ལི་ཧྥུའུ་སོགས་དང་གྲོས་མོལ་བྱས་པ་དང་། རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་དང་དབྱི་ལིང་གིས་མཉམ་ལས་བྱས་ཏེ་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་ཁྲོད་ཐག་གཅོད་ཐོབ་མེད་པའི་གནད་དོན་ཐག་གཅོད་བྱེད་པར་གྲོས་བསྡུར་བྱས་ཟེར།

ཐེན་ཡེ་ཀྲི་མུས་ཀྱིས་བཤད་རྒྱུར། རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱིས་དབྱི་ལིང་དང་མཉམ་དུ་དེའི་སྔོན་བཀོད་པའི་བྱེ་བྲག་གི་བྱེད་ཐབས་ལྔ་ལག་བསྟར་བྱེད་མགོ་བརྩམས་པ་དང་། དེའི་ནང་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱིས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་འཆར་གཞིའི་ཁྲོད་དམག་དོན་རིམ་པའི་གནད་དོན་དུ་བསམ་པའི་ནང་དོན་གཉིས་འདུས་པ་དང་། ཁོས་ཟླ་བརྒྱད་པའི་ཚེས་ཉེར་ལྔ་ཉིན་གྱི་སྔོན་ཐེངས་འདིའི་ལས་རིམ་གྱི་མཉམ་ལས་ཡོངས་འགྲུབ་བྱེད་ཐུབ་པར་རེ་བ་བཅངས་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག