མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

རྒྱ་གར་གྱིས་ཕཱ་ཁི་སི་ཐན་བར་གྱི་ཕྱི་འབྲེལ་དྲུང་ཡིག་རིམ་པའི་གྲོས་མོལ་མེད་པར་བཏང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-19 11:08

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱ་གར་ཕྱི་འབྲེལ་པུའུ་ཡིས་ཚེས་བཅོ་བརྒྱད་ཉིན་ཁྱབ་སྒྲོག་བྱས་དོན། རྒྱ་གར་གྱིས་ཟླ་འདིའི་ཚེས་ཉེར་ལྔ་ཉིན་དབྱི་སི་ལན་པའོ་ནས་བསྡུ་བར་ཐག་བཅད་ཡོད་པའི་རྒྱ་གར་དང་ཕཱ་ཁི་སི་ཐན་གྱི་ཕྱི་འབྲེལ་དྲུང་ཡིག་རིམ་པའི་གྲོས་མོལ་མེད་པར་བཟོས་ཟེར།

རྒྱ་གར་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཨ་ཁི་པཱ་ལུའུ་ཏེན་གྱིས་བཤད་རྒྱུར། རྒྱ་གར་གྱིས་བལྟས་ན། རྒྱ་གར་གྱི་ཕྱི་འབྲེལ་པུའུ་ཡི་དྲུང་ཡིག་ཞིན་ཀི་ཉེ་སྔོན་ཕཱ་ཁི་སི་ཐན་དུ་སོང་ན་སྔོན་དཔག་གི་དམིགས་འབེན་ལ་བསླེབ་མི་ཐུབ་པར་བསམ་ཡོད། ཞིན་ཀི་ཡིས་ཀྱང་ཉིན་དེར་ཕཱ་ཁི་སི་ཐན་དུ་སྡོད་པའི་རྒྱ་གར་གྱི་མཐོ་རིམ་ཆེད་དོན་པར་བརྡ་བཏང་སྟེ། མོ་དང་ཕཱ་ཁི་སི་ཐན་གྱི་ཕྱི་འབྲེལ་དྲུང་ཡིག་རིམ་པའི་གྲོས་མོལ་མེད་པར་བཟོས་ཡོད་ཟེར།

ས་དེའི་གསར་འགྱུར་ལས་རིགས་ཀྱིས་བལྟས་ན། རྒྱ་གར་གྱིས་ཕཱ་ཁི་སི་ཐན་བར་གྱི་ཕྱི་འབྲེལ་དྲུང་ཡིག་རིམ་པའི་གྲོས་མོལ་མེད་པར་བཟོས་པ་ནི་རྒྱ་གར་དུ་སྡོད་པའི་ཕཱ་ཁི་སི་ཐན་གྱི་མཐོ་རིམ་ཆེད་དོན་པས་གཟའ་འཁོར་སྔོན་མར་རྒྱ་གར་གྱིས་ཚོད་འཛིན་བྱེད་པའི་ཁི་ཧྲི་མུས་ཨར་ས་ཁུལ་གྱི་ཁ་བྲལ་རིང་ལུགས་ཀྱི་མགོ་ཁྲིད་པ་དྷི་ལེ་གསར་བ་གདན་ཞུ་བྱས་ཏེ། མི་འགྱངས་པར་བསྡུ་རྒྱུ་ཡིན་པའི་རྒྱ་གར་དང་ཕཱ་ཁི་སི་ཐན་གྱི་ཕྱི་འབྲེལ་དྲུང་ཡིག་རིམ་པའི་གྲོས་མོལ་ཐད་ནས་བློ་འདྲི་བྱས་པས་རེད་ཟེར། དོན་དེའི་རྗེས་སུ་རྒྱ་གར་གྱི་སྲིད་འཛིན་ཏང་མི་དམངས་ཏང་དང་ངོ་རྒོལ་ཏང་གིས་རྒོལ་གཏམ་དྲག་པོ་བཏང་བ་དང་། ངོ་རྒོལ་ཏང་གིས་ད་རུང་སྲིད་གཞུང་གིས་ཕཱ་ཁི་སི་ཐན་ལ་སྔར་ལས་ལངས་ཕྱོགས་བརྟན་པོ་འཛིན་དགོས་པའི་རེ་བ་བཏོན།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག