མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཧྥུན་ལན་གྱི་ཙུང་ལིས་བྱང་ཆིངས་རྩ་འཛུགས་དང་ཡོ་རོབ་གླིང་མནའ་འབྲེལ་གྱིས་ཝུའུ་ཁི་ལན་ལ་དམག་དོན་རོགས་སྐྱོར་བྱེད་མི་སྲིད་ཟེར།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-19 11:08

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧྥུན་ལན་རྒྱལ་ཁབ་ཀྱི་ཙུང་ལི་སི་ཐུའུ་པུའུ་ཡིས་ཚེས་བཅོ་བརྒྱད་ཉིན་བཤད་རྒྱུར། བྱང་ཆིངས་རྩ་འཛུགས་དང་ཡོ་རོབ་གླིང་མནའ་འབྲེལ་གྱིས་ཝུའུ་ཁི་ལན་ལ་དམག་དོན་རོགས་སྐྱོར་གང་ཡང་བྱེད་མི་སྲིད་ཟེར། སི་ཐུའུ་པུའུ་ཡིས་ཉིན་དེར་ཧྥུན་ལན་གྱི་རྒྱང་སྒྲོག་ཀུང་ཟི་ཞིག་གི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། དེ་དཔེ་མི་སྲིད་ཟེར། བྱང་ཆིངས་རྩ་འཛུགས་ཀྱིས་རང་གི་ཁོངས་གཏོགས་རྒྱལ་ཁབ་ལ་དམག་དོན་རོགས་སྐྱོར་བྱེད་པ་ཡིན་ལ། ཡོ་རོབ་གླིང་མནའ་འབྲེལ་ལ་དེའི་ཐད་ནས་རོགས་སྐྱོར་བྱེད་པའི་ནུས་པ་མེད་ཟེར། ཁོས་ད་རུང་ནན་གྱིས་བསྟན་དོན། ཞི་བའི་གྲོས་མོལ་ནི་ད་གཟོད་ཝུའུ་ཁི་ལན་གྱི་ཉམས་ཉེན་ཐག་གཅོད་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པ་དང་། མིག་སྔའི་གནད་དོན་གཙོ་བོ་ནི་དུས་ཡུན་རིང་བོར་འཁྲུག་རྩོད་མཚམས་འཇོག་པར་ཇི་ལྟར་འགན་སྲུང་བྱེད་རྒྱུ་དེ་ཡིན་ཟེར།

དེའི་སྔོན། ཝུའུ་ཁི་ལན་གྱི་ཕྱི་འབྲེལ་བློན་ཆེན་ཁི་ལེ་མུའུ་ཅིན་གྱིས་འཇར་མན་གསར་འགྱུར་ལས་རིགས་ལ་བཤད་རྒྱུར། ཝུའུ་ཁི་ལན་རྒྱལ་ནང་གི་འཁྲུག་རྩོད་ཐག་གཅོད་བྱེད་ཆེད། ཝུའུ་ཁི་ལན་གྱིས་བྱང་ཆིངས་རྩ་འཛུགས་དང་ཡོ་རོབ་གླིང་ལ་རོགས་སྐྱོར་རེ་ཞུ་བྱས་ཡོད་ལ། དེའི་ནང་དམག་དོན་རོགས་སྐྱོར་ཡང་འདུས་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག