མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

འབར་མ་རྒྱལ་ཡོངས་ཀྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་གྱི་གྲོས་མོལ་ལ་ཐུན་མོང་གི་ལྟ་ཚུལ་མང་བོ་བྱུང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-18 10:49

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འབར་མ་སྲིད་གཞུང་དང་གྲངས་ཉུང་མི་རིགས་དྲག་ཆས་རྩ་འཛུགས་ཀྱི་རྒྱལ་ཡོངས་ཀྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་འཆར་ཟིན་སྐོར་གྱི་གྲོས་མོལ་སྐོར་ཐེངས་ལྔ་བ་ཚེས་བཅུ་བདུན་ཉིན་མཇུག་སྒྲིལ་བ་དང་། ཕྱོགས་གཉིས་ཀྱི་མཉམ་འབྲེལ་གྱི་གསར་འགྱུར་སྤྱི་སྒྲོག་ལས་བཤད་རྒྱུར། རྒྱལ་ཡོངས་ཀྱི་འཁྲུག་རྩོད་མཚམས་འཇོག་པར་ཐུན་མོང་གི་ལྟ་ཚུལ་མང་བོ་བྱུང་བ་དང་། གྲོས་མཐུན་དེའི་གྲོས་མོལ་དེ་མི་འགྱངས་པར་ཡོངས་འགྲུབ་བྱེད་རྒྱུ་རེད།

ཕྱོགས་གཉིས་ཀྱི་གྲོས་མོལ་ལ་ཞུགས་པའི་འབྲེལ་ཡོད་མི་སྣས་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ཕྱོགས་གཉིས་ཀྱིས་ཟླ་དགུ་བར་གྲོས་ཆོད་འཆར་ཟིན་གྱི་ནང་དོན་རེ་འགར་མུ་མཐུད་དུ་གྲོས་མོལ་བྱེད་པར་འཐད་པ་བྱུང་ཡོད་ལ། རྒྱལ་ཡོངས་ཀྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་དེ་ཟླ་བཅུ་བར་དངོས་སུ་འགོད་ཐུབ་པའི་རེ་བ་ཡོད་ཟེར།

ཞི་བའི་གྲོས་མོལ་ལ་ཞུགས་པའི་མི་སྣས་དེའི་སྔོན་མཚམས་སྦྱོར་བྱས་དོན། སྲིད་གཞུང་གྲངས་ཉུང་མི་རིགས་དྲག་ཆས་རྩ་འཛུགས་ཀྱིས་རྒྱུན་འཁྱོངས་བྱེད་པའི་དམངས་གཙོ་དང་མི་རིགས་འདྲ་མཉམ། རང་ཐག་རང་གིས་གཅོད་པའི་རྒྱལ་ཕྲན་མཉམ་འབྲེལ་གྱི་ལམ་ལུགས་འཛུགས་པའི་འདོད་བློར་འཐད་པ་བྱུང་བའི་དབང་གིས། སྐོར་ཐེངས་འདིའི་ཞི་བའི་གྲོས་མོལ་ལ་ཐོལ་བརྒལ་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། དེ་དང་མཉམ་དུ་གྲངས་ཉུང་མི་རིགས་ཀྱི་དྲག་ཆས་རྩ་འཛུགས་ཀྱང་སྲིད་གཞུང་གིས་བཏོན་པའི་རྒྱལ་ཕྲན་མཉམ་འབྲེལ་ཁ་ཐོར་དུ་འགྲོ་རུང་བ་དང་། བདག་དབང་ལ་གནོད་སྐྱེལ་མི་རུང་ལ། མི་རིགས་མཐུན་སྒྲིལ་ལ་གཏོར་བརླག་བྱེད་མི་རུང་བའི་འདོད་བློར་འཐད་པ་བྱུང་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག