མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨུ་རུ་སི་ཡིས་ཝུའུ་ཁི་ལན་གྱི་དམངས་ཁྲོད་དྲག་ཆས་པར་དམག་དོན་ལག་རྩལ་གྱི་སྒྲིག་ཆས་འདོན་སྤྲོད་བྱས་པ་ཁས་ལེན་མ་བྱས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-18 10:49

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཙུང་ཐུང་གི་གསར་འགྱུར་དྲུང་ཡིག་ཆེན་མོ་ཕའེ་སི་ཁི་ཧྥུའུ་ཡིས་ཚེས་བཅུ་བདུན་ཉིན་ཨུ་རུ་སི་ཡིས་ཝུའུ་ཁི་ལན་ཤར་ཕྱོགས་ཀྱི་དམངས་ཁྲོད་དྲག་ཆས་པར་དམག་དོན་ལག་རྩལ་སྒྲིག་ཆས་འདོན་སྤྲོད་བྱས་ཁས་ལེན་མ་བྱས། 

 ཕའེ་སི་ཁི་ཧྥུའུ་ཡིས་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ང་ཚོས་ཝུའུ་ཁི་ལན་ཤར་ཕྱོགས་ཀྱི་དྲག་ཆས་པར་དམག་དོན་ལག་རྩལ་གྱི་སྒྲིག་ཆས་གང་རུང་འདོན་སྤྲོད་བྱས་མྱོང་མེད་ཟེར།

བསྒྲགས་པའི་བརྙན་རིས་ལྟར་ན། ཝུའུ་ཁི་ལན་ཏོན་ནེ་ཚི་ཁི་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ལི་ཀྲ་ཧཱ་ཨར་ཆིན་ཁི་ཡིས་ཉེ་སྔོན་གྲོས་ཚོགས་ཤིག་གི་སྟེང་བསྟན་དོན། དམངས་ཁྲོད་དྲག་ཆས་པར་ཐན་ཁི་དང་འཁྲབ་ལྡན་འཁོར་ལོ་སོགས་འདུས་པའི་དམག་དོན་ལག་རྩལ་གྱི་སྒྲིག་ཆས་བརྒྱ་དང་ལྔ་བཅུ་འདོན་སྤྲོད་བྱེད་རྒྱུ་ཡིན་ཟེར། ཁོས་ད་རུང་བསྟན་དོན། ཨུ་རུ་སི་ནས་ཟླ་ངོ་བཞིའི་རིང་གི་སྦྱོང་བརྡར་དང་ལེན་བྱས་པའི་མི་སྣ་སྟོང་གཅིག་དང་ཉིས་བརྒྱ་དམངས་ཁྲོད་དྲག་ཆས་པའི་ནང་ཞུགས་རྒྱུ་ཡིན་ཟེར། བརྙན་རིས་དེ་ནི་ཟླ་བརྒྱད་པའི་ཚེས་བཅོ་ལྔ་ཉིན་སྤེལ་བ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག