མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཝུའུ་ཁི་ལན་གྱིས་ཨུ་རུ་སི་ཡིས་འདོན་སྤྲོད་བྱས་པའི་དངོས་རྫས་དེ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་ཡིན་པ་ཁས་ལེན་བྱས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-18 10:49

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཝུའུ་ཁི་ལན་སྲིད་གཞུང་དྲ་ཚིགས་ཀྱིས་ཚེས་བཅུ་དྲུག་ཉིན་སྤེལ་བའི་གནས་ཚུལ་ལྟར་ན། ཝུའུ་ཁི་ལན་སྤྱི་ཚོགས་སྲིད་ཇུས་པུའུ་ཡི་པུའུ་ཀྲང་ཅེ་ནེ་སོ་ཝ་ཡིས་བཀའ་རྒྱ་བཀོད་དེ། ཝུའུ་ཁི་ལན་ཕྱོགས་ཀྱིས་ཨུ་རུ་སིའི་རླངས་འཁོར་རུ་ཁག་གིས་སྐྱེལ་འདྲེན་བྱེད་པའི་དངོས་རྫས་དེ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་ཡིན་པ་ཁས་ལེན་བྱས་ཡོད་པ་ཁྱབ་སྒྲོག་བྱས། རྒྱལ་སྤྱིའི་རྒྱ་གྲམ་དམར་པོ་ཨུ་ཡོན་ལྷན་ཁང་གི་འཐུས་མིས་མཐའ་མཚམས་གྲུ་ཁ་ནས་དངོས་རྫས་དེ་དག་ཝུའུ་ཁི་ལན་གྱི་མངའ་ཁོངས་སུ་སྐྱེལ་རྒྱུ་རེད།

མིག་སྔར། ཝུའུ་ཁི་ལན་སྤྱི་ཚོགས་སྲིད་ཇུས་པུའུ་ལ་རྒྱལ་སྤྱིའི་རྒྱ་གྲམ་དམར་པོ་ཨུ་ཡོན་ལྷན་ཁང་གི་ཨུ་རུ་སི་དང་ཨུ་རུ་སི་དཀར་པོ། མའོ་ཨར་ཏའོ་ཝ་བཅས་སུ་སྡོད་པའི་འགན་ཁུར་བས་བསྐུར་ཡོང་བའི་འཕྲིན་ཡིག་དང་དངོས་རྫས་ཀྱི་ཞིབ་ཐོ་འབྱོར་ཡོད་པ་དང་། དཔྱད་ཞིབ་བྱས་པ་ལྟར་ན། དངོས་རྫས་དེ་རིགས་དང་ལྗིད་ཚད་སོགས་ཨུ་རུ་སིས་འདོན་སྤྲོད་བྱས་པའི་རྒྱུ་ཆ་དང་གཅིག་མཚུངས་ཡིན། དངོས་རྫས་དེ་དག་ལེན་མཁན་ནི་ཝུའུ་ཁི་ལན་གྱི་རྒྱལ་སྤྱིའི་རྒྱ་གྲམ་དམར་པོ་ཨུ་ཡོན་ལྷན་ཁང་ཡིན་པ་དང་། དངོས་རྫས་དེ་དག་ཨུ་ཡོན་ལྷན་ཁང་དེའི་འཐུས་མིས་ཏོན་ནེ་ཚི་ཁི་གྲུ་ཁ་བརྒྱུད་དེ་ཝུའུ་ཁི་ལན་གྱི་མངའ་ཁོངས་སུ་སྐྱེལ་རྒྱུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག