མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ལི་པུ་ཡཱའི་རྒྱལ་སའི་དམངས་དམག་གི་དྲག་ཆས་འཁྲུག་རྩོད་སྔར་ལས་ཛ་དྲག་ཏུ་གྱུར་བར་རྒོལ་གཏམ་བཏང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-18 10:48

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ལི་པུ་ཡཱའི་རོགས་སྐྱོར་ཆེད་མངག་ཚོགས་པས་ཚེས་བཅུ་བདུན་ཉིན་གསལ་སྒྲོག་སྤེལ་ཏེ། དམངས་དམག་དྲག་ཆས་པའི་ལི་པུ་ཡཱའི་རྒྱལ་ས་ཏི་ལེ་པའོ་ལིའི་འཁྲུག་རྩོད་སྔར་ལས་ཛ་དྲག་ཏུ་གྱུར་བར་རྒོལ་གཏམ་བཏང་།

གསལ་སྒྲོག་ལས་བཤད་རྒྱུར། ཕྱོགས་ཁག་གཉིས་ཀྱི་དམངས་དམག་དྲག་ཆས་པས་ཏི་ལེ་པའོ་ལི་དང་དེའི་ཉེ་འདབས་ས་ཁུལ་གྱི་དམག་དོན་འགོག་རྒོལ་སྔར་ལས་ཛ་དྲག་ཏུ་གྱུར་བ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལི་པུ་ཡཱའི་རོགས་སྐྱོར་ཆེད་མངག་ཚོགས་པས་དམངས་དམག་གིས་སྡོད་ཁུལ་དུ་མེ་སྒྱོགས་འཕང་ནས་མི་སེར་དཀྱུས་མར་ཤི་རྨས་བཟོས་པ་དང་། མི་མང་བོ་རང་ཁྱིམ་དང་ཁ་བྲལ་ནས་ཡུལ་གཞན་དུ་འཁྱམས་སུ་བཅུག་པར་རྒོལ་གཏམ་དྲག་པོ་བཏང་། མཉམ་འབྲེལ་རྒྱལ་ཚོགས་ལི་པུ་ཡཱའི་རོགས་སྐྱོར་ཆེད་མངག་ཚོགས་པས་བཤད་རྒྱུར། རྒྱུན་ཆད་མེད་པར་བྱུང་བའི་འཁྲུག་རྩོད་ལས་ལི་པུ་ཡཱའི་ཆབ་སྲིད་བར་བརྒལ་འཕེལ་རིམ་དང་། ལི་པུ་ཡཱའི་བདེ་འཇགས་དང་བརྟན་འཇགས་བཅས་ལ་འཇིགས་ཉེན་ཚབས་ཆེན་བཟོས་ཡོད་ཟེར།

མཉམ་འབྲེལ་རྒྱལ་ཚོགས་ལི་པུ་ཡཱའི་རོགས་སྐྱོར་ཆེད་མངག་ཚོགས་པ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དེའི་སྔོན་ཐེངས་མང་བོར་ལི་པུ་ཡཱའི་དམངས་དམག་ཕྱོགས་ཁག་སོ་སོས་ཆ་རྐྱེན་ཅི་ཡང་མེད་པར་འཁྲུག་རྩོད་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་ཡང་འབོད་སྐུལ་དེ་དང་ལེན་མ་བྱས། མཉམ་འབྲེལ་རྒྱལ་ཚོགས་ལི་པུ་ཡཱའི་རོགས་སྐྱོར་ཆེད་མངག་ཚོགས་པས་ད་རུང་དྲག་ཤུགས་འཁྲུག་རྩོད་མཇུག་སྒྲིལ་བའི་ཐད་ནས་ལི་པུ་ཡཱའི་ཕྱོགས་ཁག་སོ་སོའི་བར་གྲོས་མོལ་བྱས་ཀྱང་གྲུབ་འབྲས་ཅི་ཡང་མ་ཐོབ།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག