མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་པཱ་སི་ཡིས་ཨེ་ཅིབ་ཀྱི་འཁྲུག་རྩོད་མཚམས་འཇོག་པའི་ཇུས་གཞི་དང་ལེན་བྱེད་འདོད་ཡོད་པར་བཤད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-18 10:48

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕཱ་ལེ་སི་ཐན་གྱི་ཙུང་ཐུང་ཨ་པཱ་སི་ཡིས་ཚེས་བཅུ་དྲུག་ཉིན་གྱི་དགོང་མོར་བསྟན་དོན། ཕཱ་ལེ་སི་ཐན་ཕྱོགས་ཀྱིས་ཨེ་ཅིབ་ཀྱིས་བཏོན་པའི་འཁྲུག་རྩོད་མཚམས་འཇོག་པའི་ཇུས་གཞི་དང་ལེན་བྱས་ཏེ། ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པ་སྔ་མོ་ནས་མངོན་འགྱུར་བྱེད་འདོད་ཡོད་ཟེར། ཡིན་ན་ཡང་ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སི་ཡིས་ཨེ་ཅིབ་ཀྱི་ཇུས་གཞི་དེ་དང་ལེན་བྱེད་ཐབས་མེད་ཟེར།

ཨ་པཱ་སི་ཡིས་ཉིན་དེའི་དགོང་མོར་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་ལཱ་མུའུ་ཨན་ལཱ་གྲོང་ཁྱེར་ནས་ཕཱ་ལེ་སི་ཐན་བཅིངས་འགྲོལ་རྩ་འཛུགས་ཀྱི་མགོ་ཁྲིད་པའི་གྲོས་ཚོགས་ལ་མགོ་འཛིན་བྱས། ཁོས་ཚོགས་ཐོག་ནས་བསྟན་དོན། ཨེ་ཅིབ་ནི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མོལ་གྱི་འདུམ་འགྲིག་མཁན་ཙམ་མིན་པར་གྲོགས་པོའི་ཕྱོགས་ཁག་ཅིག་ཡིན་ལ། དེའི་གོ་གནས་གཞན་གྱིས་ཚབ་བྱེད་ཐབས་མེད། ཕཱ་ལེ་སི་ཐན་ཕྱོགས་ཀྱིས་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པར་རེ་བ་བཅངས་ཡོད་སྟབས། ཨེ་ཅིབ་ཀྱིས་བཏོན་པའི་འཁྲུག་རྩོད་མཚམས་འཇོག་པའི་ཇུས་གཞི་དང་ལེན་བྱེད་འདོད་མེད་ཟེར།

ཧཱ་མཱ་སིའི་དཔོན་རིགས་མང་བོས་ཉིན་དེར་བསྟན་དོན། ཨེ་ཅིབ་ཀྱི་ཇུས་གཞི་དེ་དང་ལེན་བྱེད་ཐབས་མེད་ཟེར། ཕཱ་ལེ་སི་ཐན་གྱི་གྲོས་མོལ་འཐུས་ཚབ་ཚོགས་པའི་ཁོངས་མི། ཧཱ་མཱ་སིའི་མཐོ་རིམ་དཔོན་པོ་དབྱེ་ཀྲ་ཐི་ཡིས་བཤད་རྒྱུར། འཁྲུག་རྩོད་མཚམས་འཇོག་པའི་ཇུས་གཞི་དེས་ངེས་པར་དུ་ཕཱ་ལེ་སི་ཐན་ཕྱོགས་ཀྱི་རེ་བ་བསྐང་དགོས་ཟེར། རྩ་འཛུགས་དེའི་ཅཱ་ཧྲ་ས་ཁུལ་གྱི་མཐོ་རིམ་དཔོན་པོ་དབྱེ་སི་མེ་ཨར་གྱིས་བཤད་རྒྱུར། ཧཱ་མཱ་སི་ཅཱ་ཧྲའི་གནམ་གྲུ་ཐང་དང་གྲུ་ཁའི་གྲོས་མོལ་རྗེས་སུ་སྣུར་བར་འཐད་པ་མིན་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག