མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨུ་རུ་སི་དང་ཡོ་རོབ་གླིང་གི་མགོ་ཁྲིད་པས་ཡང་བསྐྱར་ཁ་པར་བརྒྱུད་དེ་ཝུའུ་ཁི་ལན་གྱི་གནས་བབ་དང་ནུས་ཁུངས་གནད་དོན་ལ་གྲོས་བསྡུར་བྱས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-16 12:09

ཞིན་ཧྭ་གསར་འགྱུར་གི་གློག་འཕྲིན་ལྟར། ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པཱ་ལོ་ཙོ་ཡིས་ཚེས་བཅུ་བཞིའི་ཉིན་ཡང་བསྐྱར་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་ལ་ཁ་པར་བཏང་སྟེ། ཕྱོགས་གཉིས་ཀྱིས་ཝུའུ་ཁི་ལན་གྱི་གནས་བབ་དང་རང་བྱུང་སོལ་རླངས་ཀྱི་གནད་དོན་ཐད་ནས་གྲོས་མོལ་བྱེད་པར་འཐད་པ་བྱུང་ཡོད་ཟེར།

ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་ཉིན་དེའི་དགོང་མོར་གསལ་སྒྲོག་སྤེལ་ཏེ། ཡོ་རོབ་གླིང་མནའ་འབྲེལ་དང་ཨུ་རུ་སིའི་མགོ་ཁྲིད་པའི་ཐེངས་འདིའི་ཁ་པར་གྲོས་མོལ་གྱི་དམིགས་ཡུལ་ནི་ཉིན་འགའི་སྔོན་དང་འདྲ་བར། སྔར་བཞིན་ཇི་ལྟར་ཝུའུ་ཁི་ལན་གྱི་གནས་བབ་ཞི་འཇགས་སུ་གཏོང་བར་གྲོས་བསྡུར་བྱེད་རྒྱུ་དེ་ཡིན། ཉེ་བའི་ཉིན་འགའི་རིང་ཐེངས་མང་བོར་འབྲེལ་འདྲིས་བྱས་པ་བརྒྱུད། ཨུ་རུ་སི་དང་ཝུའུ་ཁི་ལན། ཡོ་རོབ་གླིང་བཅས་ཕྱོགས་གསུམ་གྱི་མགོ་ཁྲིད་པས་འབྲེལ་གཏུག་རྒྱལ་ཁབ་ཀྱི་གྲོས་ཆོད་ཀྱི་ལག་བསྟར་ལས་གཞི་དང་རང་བྱུང་སོལ་རླངས་མཁོ་འདོན་གནད་དོན་ལ་གྲོས་མོལ་བྱེད་པར་འཐད་པ་བྱུང་ཡོད་ལ། ཕྱོགས་གསུམ་གྱི་གྲོས་མོལ་གྱི་བྱེ་བྲག་གི་བཀོད་སྒྲིག་ལ་འོས་འཚམ་གྱི་ཕྱི་འབྲེལ་ཐབས་ལ་བརྟེན་ནས་གྲོས་བསྡུར་བྱེད་རྒྱུ་ཡིན་ཟེར།

ཟླ་འདིའི་ཚེས་བཅུ་གཅིག་ཉིན། པཱ་ལོ་ཙོ་ཡིས་ཕུའུ་ཅིན་དང་ཝུའུ་ཁི་ལན་གྱི་ཙུང་ཐུང་པའོ་ལོ་ཧྲིན་ཁི་ལ་གློག་འཕྲིན་བཏང་སྟེ། ཕྱོགས་གསུམ་གྱིས་ཨུ་རུ་སི་དང་ཡོ་རོབ་གླིང་གིས་ཕན་ཚུན་བཀག་སྡོམ་བྱེད་པའི་གནས་ཚུལ་འོག་རང་བྱུང་སོལ་རླངས་ཀྱི་མཁོ་འདོན་གནད་དོན་ཐད་གྲོས་བསྡུར་བྱེད་པར་འབྲེལ་འདྲིས་བྱེད་དགོས་པའི་རེ་བ་བཏོན། ཚེས་བཅུ་གསུམ་ཉིན། པཱ་ལོ་ཙོ་ཡིས་ཡང་བསྐྱར་པའོ་ལོ་ཧྲིན་ཁི་ལ་ཁ་པར་བཏང་སྟེ་འབྲེལ་ཡོད་གནད་དོན་ཐད་ནས་མཐུན་སྦྱོར་བྱས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག