མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

མོང་གོལ་རྒྱལ་ཁབ་ཀྱི་མཐོ་རིམ་དཔོན་རིགས་ཀྱིས་མོང་གོལ་དང་ཀྲུང་གོས་གཏེར་ལས་མཉམ་ལས་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་རེ་བ་ཡོད་ཅེས་བསྟན་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-08-16 12:09

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མོང་གོལ་རྒྱལ་ཁབ་ཀྱི་གཏེར་ལས་པུའི་རྒྱལ་དོན་དྲུང་ཆེ་ཅི་ག་ཅི་ཏེས་སྤྱི་ཚེས12ཉིན་ཀྲུང་གོའི་མོང་གོལ་ལ་འཚམས་འདྲི་གནང་མཁན་གསར་འགྱུར་ཚོགས་པའི་བཅར་འདྲི་དང་ལེན་གནང་སྐབས། ཉེ་བའི་ལོ་ཤས་ནང་མོལ་གོལ་རྒྱལ་ཁབ་དང་ཀྲུང་གོས་གཏེར་ལས་རྩད་ཞིབ་དང་། གསར་སྤེལ། གཏེར་ཁའི་ཐོན་རྫས་ལས་སྣོན་སོགས་ཀྱི་ཐད་མཉམ་ལས་ཡག་པོ་བྱས་ཡོད་པ་དང་། ཕྱོགས་གཉིས་པོས་གཏེར་ལས་ཁྱབ་ཁོངས་ཀྱི་གསར་སྤེལ་མཉམ་ལས་ལ་སྔར་བས་སྐུལ་འདེད་གཏོང་རྒྱུའི་རེ་སྒུག་བྱེད་བཞིན་ཡོད་ཅེས་བསྟན་ཡོད་པ་རེད། ཁོང་གིས་ངོ་སྤྲོད་གནང་བར་གཞིགས་ན། གཏེར་ལས་མ་འཇོག་དེས་ཀྲུང་གོས་མོང་གོལ་རྒྱལ་ཁབ་དུ་བྱས་པའི་སྤྱིའི་མ་འཇོག་གི51%ཟིན་གྱི་ཡོད་པ་རེད།

 ཁོང་གིས་མིག་སྔར་མོང་གོལ་རྒྱལ་ཁབ་ཀྱིས་གཏེར་ཁའི་ཐོན་རྫས་ལས་སྣོན་བྱེད་པའི་ཐད་ད་དུང་འདང་ངེས་ཀྱི་ལག་རྩལ་མེད་པ་དང་། མོང་གོལ་དང་ཀྲུང་གོ་རྒྱལ་ཁབ་གཉིས་པོས་ཁྱབ་ཁོངས་དེའི་ནང་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས། མཉམ་ལས་ཀྱི་གཞི་ཁྱོན་དང་ཆུ་ཚད་སྔར་བས་མཐོ་རུ་གཏོང་རྒྱུའི་རེ་བ་ཡོད་ཅེས་ནན་བཤད་གནང་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག