མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

འཇར་མན་གྱིས་དབྱི་རག་ལ་དམག་དོན་སྒྲིག་ཆས་འདོན་སྤྲོད་བྱེད་རྒྱུ་རེད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-15 11:07

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཇར་མན་གྱི་ཕྱི་འབྲེལ་བློན་ཆེན་ཧྲི་ཐེ་ཡུན་མེད་ཨར་གྱིས་ཚེས་བཅུ་གསུམ་ཉིན་འཇར་མན་གྱི་གསར་འགྱུར་ལས་རིགས་ཀྱི་བཅར་འདྲི་དང་ལེན་བྱེད་སྐབས་ཁྱབ་སྒྲོག་བྱས་དོན། དབྱི་རག་སྲིད་གཞུང་དང་ཁུའུ་ཨར་ཏིའི་དབང་འཛིན་ལས་ཁུངས་ཀྱི་དམག་དཔུང་གིས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་དྲག་ཆས་ཉེས་ཅན་ལ་དཔུང་འཇུག་བྱེད་པར་རོགས་རམ་བྱེད་ཆེད། འཇར་མན་སྲིད་གཞུང་གིས་དབྱི་རག་ལ་གསོད་རྨས་རང་བཞིན་མི་ལྡན་པའི་དམག་དོན་སྒྲིག་ཆས་འདོན་སྤྲོད་བྱེད་རྒྱུ་ཡིན་པ་དང་། དེའི་ནང་མལ་ཁྲི་དང་། རས་གུར། མདའ་འགོག་ལྭ་བ། བྱེད་ནུས་མང་བོ་ལྡན་པའི་དམག་བཀོལ་དངོས་སྐྱེལ་རླངས་འཁོར་སོགས་འདུས་ཟེར། འཇར་མན་གྱི་ཕྱི་འབྲེལ་བློན་ཆེན་གྱིས་ད་རུང་ནན་གྱིས་བསྟན་དོན། འཇར་མན་གྱིས་གནས་ཚུལ་གྱི་འགྱུར་ལྡོག་ལ་གཞིགས་ཏེ། དབྱི་རག་སྲིད་གཞུང་ལ་འཐབ་འཁྲུག་མཚོན་ཆ་འདོན་སྤྲོད་བྱེད་ཀྱང་སྲིད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག