མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཝུའུ་ཁི་ལན་གྱི་ལུའུ་ཀན་སི་ཁི་ས་ཁུལ་གྱི་དམངས་ཁྲོད་དྲག་ཆས་པའི་མགོ་ཁྲིད་པས་ལས་ཁུར་དགོངས་ཞུ་བྱེད་རྒྱུ་ཁྱབ་སྒྲོག་བྱས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-15 11:07

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་རྒྱལ་ཁབ་བརྙན་འཕྲིན་ཁང་གིས་ཚེས་བཅུ་བཞི་ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། ཝུའུ་ཁི་ལན་གྱི་ལུའུ་ཀན་སི་ཁི་ས་ཁུལ་གྱི་དམངས་ཁྲོད་དྲག་ཆས་པའི་མགོ་ཁྲིད་པས་ལས་ཁུར་དགོངས་ཞུ་བྱེད་རྒྱུ་ཁྱབ་སྒྲོག་བྱས་ཟེར།

རྒྱུས་ལོན་བྱུང་བ་ལྟར་ན། དེ་ནི་གཟའ་འཁོར་གཅིག་གི་རིང་ཝུའུ་ཁི་ལན་དམངས་ཁྲོད་དྲག་ཆས་པའི་ལས་ཁུར་དགོངས་ཞུ་བྱས་པའི་མཐོ་རིམ་དཔོན་པོ་གཉིས་པ་རེད། ཟླ་འདིའི་ཚེས་བདུན་ཉིན། ཏོན་ནེ་ཚི་ཁིའི་དམངས་ཁྲོད་དྲག་ཆས་སྟོབས་ཤུགས་ཏོན་ནེ་ཚི་ཁི་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ལི་པའོ་ལོ་ཏའེ་ཡིས་ལས་ཁུར་དགོངས་ཞུ་བྱེད་རྒྱུ་ཁྱབ་བསྒྲགས་བྱས་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག