མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཧྥ་རན་སི་ཡིས་དབྱི་རག་གི་ཁུའུ་ཨར་ཏི་རང་སྐྱོང་ས་ཁུལ་གྱི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་ཇེ་མང་དུ་གཏོང་རྒྱུ་ཡིན་པར་བཤད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-15 11:07

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧྥ་རན་སིའི་ཙུང་ཐུང་ཨོ་ལིང་ཏི་ཡིས་ཚེས་བཅུ་བཞིའི་ཉིན་བསྟན་དོན། ཧྥ་རན་སི་རྒྱལ་ཁབ་ཀྱིས་དབྱི་རག་གི་ཁུའུ་ཨར་ཏི་རང་སྐྱོང་ས་ཁུལ་གྱི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་ཇེ་མང་དུ་གཏོང་རྒྱུ་ཡིན་ཟེར།

ཧྥ་རན་སིའི་ཙུང་ཐུང་བཞུགས་ཤག་གིས་བཤད་རྒྱུར། ཨོ་ལིང་ཏི་ཡིས་ཉིན་དེར་དབྱི་རག་གི་ཙུང་ཐུང་མཱ་སུའུ་མུའུ་ལ་ཁ་པར་བཏང་སྟེ། ཕྱོགས་གཉིས་ཀྱིས་བལྟས་ན་ངེས་པར་དུ་དབྱི་རག་གི་ཁུའུ་ཨར་ཏི་རང་སྐྱོང་ས་ཁུལ་ནས་གང་མགྱོགས་སྒོས་འགུལ་སྐྱོད་སྤེལ་དགོས་པར་འདོད། ཨོ་ལིང་ཏི་ཡིས་བསྟན་དོན། དབྱི་རག་གི་སྲིད་གཞུང་གསར་བས་དབྱི་རག་དང་ལོས་ཧྥན་ཐི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་དང་འཐབ་རྩོད་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་པ་དང་། ཧྥ་རན་སི་རྒྱལ་ཁབ་ཀྱིས་མུ་མཐུད་དུ་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་དབྱི་རག་གི་དཀའ་ཁག་གི་གནས་སུ་ལྷུང་བའི་མང་ཚོགས་ལ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་བྱེད་རྒྱུ་ཡིན་ཟེར།

ཨོ་ལིང་ཏི་ཡིས་ད་རུང་མཱ་སུའུ་མུའུ་ལ་བདེན་དཔང་བྱས་དོན། ཧྥ་རན་སི་རྒྱལ་ཁབ་ཀྱིས་དབྱི་རག་གི་ཁུའུ་ཨར་ཏི་རང་སྐྱོང་ས་ཁུལ་གྱི་མགོ་ཁྲིད་པ་པཱ་ཨར་ཀྲ་ནེའི་རེ་བ་ལྟར་མྱུར་བ་མྱུར་དུ་ཁུའུ་ཨར་ཏི་རང་སྐྱོང་ས་ཁུལ་དུ་མཚོན་ཆ་སྐྱེལ་འདྲེན་བྱེད་རྒྱུ་ཡིན་ཟེར།

ཧྥ་རན་སིའི་རྒྱལ་སྲུང་བློན་ཆེན་ལེ་ཏི་ལི་ཨང་གིས་ཚེས་བཅུ་བཞིའི་ཉིན་བཤད་རྒྱུར། ཧྥ་རན་སི་ཡིས་ཁུའུ་ཨར་ཏི་རང་སྐྱོང་ས་ཁུལ་དུ་སྐྱེལ་འདྲེན་བྱེད་པའི་མཚོན་ཆས་ཁུའུ་ཨར་ཏི་མིའི་བྲེལ་མྱུར་གྱི་དགོས་མཁོ་བསྐང་ཐུབ་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག