མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་རིའི་རྒྱལ་སྲུང་པུས་ཨ་རིའི་དམག་གིས་དབྱི་རག་ཏུ་གནས་གཏན་འཁེལ་གྱི་མཁའ་ཐོག་འཇབ་རྒོལ་ལས་འགན་ཐེངས15ལག་བསྟར་བྱས་ཡོད་ཅེས་བསྟན་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-14 11:30

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་རིའི་རྒྱལ་སྲུང་པུས་སྤྱི་ཚེས11ཉིན། ཨ་རིའི་དམག་གིས་སྤྱི་ཚེས་༨ཉིན་ནས་བཟུང་དབྱི་རག་གི་ཐད་སྐྱོད་སྒྲིག་འཛུགས་ཀྱི་དམིགས་འབེན་ལ་མཁའ་ཐོག་འཇབ་རྒོལ་བྱས་ཚུན། གནས་གཏན་འཁེལ་གྱི་མཁའ་ཐོག་འཇབ་རྒོལ་ལས་འགན་ཐེངས15ལག་བསྟར་བྱས་ཡོད། སྐམ་དམག་གི་ཀྲུང་ཅང་དམག་དཔོན་མེ་ཝེར་གྱིས་ཉིན་དེ་གའི་རྒྱལ་སྲུང་པུའི་གསར་འགོད་པར་སྣེ་ལེན་ཞུ་བའི་ཚོགས་འདུའི་ཐོག ཨ་རིའི་དམག་གི་གནས་གཏན་འཁེལ་གྱི་མཁའ་ཐོག་འཇབ་རྒོལ་དེས་དབྱི་རག་དང་ལི་ཕན་ཐེ་དབྱི་སེ་ལན་རྒྱལ་ཁབ་ཀྱི་དྲག་ཆས་ཀྱིས་དབྱི་རག་བྱང་རྒྱུད་ཀྱི་གྲོང་ཁྱེར་ཨེར་པེ་ལེ་དང་ཤིན་ཅར་ཧྲན་རི་བོའི་ཉེ་འགྲམ་གྱི་བྱ་སྤྱོད་ལ་བཀག་འགོག་ནུས་ལྡན་བྱས་ཡོད་ཅེས་གསུངས་ཡོད་པ་དང་། མེ་ཝེར་གྱིས་དབྱི་རག་ཐད་སྐྱོད་སྒྲིག་འཛུགས་ཀྱི་གོ་མཚོན་སྒྲིག་ཆས་མེད་པ་བཟོ་རྒྱུ་དེ་ནི་གཙོ་བོ་མིན་པ་དང་། དབྱི་རག་གི་ཐད་སྐྱོད་སྒྲིག་འཛུགས་ཀྱིས་ཨ་རིའི་མི་སྣ་དང་སྒྲིག་ཆས། དབྱི་རག་གི་མི་སེར་བཅས་ལ་བཟོས་པའི་ཉེན་ཁ་བཀག་འགོག་བྱ་རྒྱུ་དེ་ནི་མཁའ་ཐོག་འཇབ་རྒོལ་བྱེད་པའི་དམིགས་ཡུལ་ཨང་དང་པོ་དེ་ཡིན་ཞེས་གསུངས་ཡོད་པ་དང་། ཁོང་གིས་ཨ་རིའི་དམག་གིས་མཁའ་ཐོག་འཇབ་རྒོལ་བྱེད་པ་དེས་དབྱི་རག་ཐད་སྐྱོད་སྒྲིག་འཛུགས་ཀྱི་དམག་དོན་ནུས་པ་དང་། ཐད་སྐྱོད་སྒྲིག་འཛུགས་ཀྱི་དབྱི་རག་གི་ས་ཆ་གཞན་དང་སི་རི་ཡར་ཡོད་པའི་སྟོབས་ཤུགས་རྦད་དེ་བཀག་མི་ཐུབ་ཅེས་གསུངས་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག