མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཧྥ་རན་སི་དང་དབྱིན་ཇིའི་མགོ་ཁྲིད་པས་དབྱི་རག་གི་གནས་བབ་ཐད་ནས་ཁ་པར་ལས་གྲོས་མོལ་བྱས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-14 11:30

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧྥ་རན་སིའི་ཙུང་ཐུང་བཞུགས་ཤག་གིས་ཚེས་བཅུ་གསུམ་ཉིན་སྤྱི་སྒྲོག་སྤེལ་ཏེ། ཧྥ་རན་སིའི་ཙུང་ཐུང་ཨོ་ལིང་ཏི་ཡིས་དེ་རིང་དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཁཱ་མེ་ལུང་ལ་ཁ་པར་བཏང་སྟེ་དབྱི་རག་གི་གནས་བབ་ཐད་ནས་གྲོས་བསྡུར་བྱས། མགོ་ཁྲིད་པ་གཉིས་ཀྱིས་དབྱི་རག་གི་མིག་སྔའི་གནས་བབ་ཐད་ནས་ལྟ་ཚུལ་བརྗེ་རེས་བྱས་པ་དང་། དབྱི་རག་དང་ལོས་ཧྥན་ཐི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ས་ཁུལ་རེ་འགའ་ནས་ཚོད་འཛིན་ཐེབས་ཡོད་ཀྱང་། སྔར་བཞིན་མགྱོགས་ཤིང་མྱུར་བའི་སྒོ་ནས་དབྱི་རག་གི་གནས་བབ་དེ་ཐག་གཅོད་བྱེད་དགོས་པར་འདོད།

སྤྱི་སྒྲོག་ལས་བཤད་རྒྱུར། ཨོ་ལིང་ཏི་དང་ཁཱ་མེ་ལུང་གཉིས་ཀྱིས་ཉེན་ཁའི་གནས་སུ་ཡོད་པའི་དབྱི་རག་མང་ཚོགས་ལ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་དངོས་རྫས་སྐྱེལ་ནས་རོགས་རམ་བྱེད་པ་དང་། དགོས་མཁོ་ཅི་ཡོད་བཤད་པའི་འཐབ་འཁྲུག་མི་སྣར་མཚོན་ཆ་འདོན་སྤྲོད་བྱེད་པའི་གནད་དོན་གཉིས་ཀྱི་ཐད་ནས་ཕན་ཚུན་གྱི་ལངས་ཕྱོགས་དང་འགུལ་སྐྱོད་མཐུན་སྦྱོར་བྱས།

སྤྱི་སྒྲོག་ལས་བཤད་རྒྱུར། ཧྥ་རན་སི་དང་དབྱིན་ཇི་རྒྱལ་ཁབ་གཉིས་ཀྱིས་མྱུར་མོར་གནད་དོན་དེ་གཉིས་ཐད་ནས་ཕན་ཚུན་མཐུན་སྦྱོར་བྱས་ཏེ། གྲོགས་པོ་གཞན་དག་དང་ཁྱད་པར་དུ་ཡོ་རོབ་གླིང་མནའ་འབྲེལ་གྱི་གྲོགས་པོའི་རྒྱལ་ཁབ་དག་འགུལ་སྐྱོད་ནང་ཞུགས་པར་རེ་སྒུག་བྱས་ཡོད། ཕྱོགས་གཉིས་ཀྱིས་ད་རུང་དབྱི་རག་གི་གནད་དོན་ཐད་ནས་མ་འོངས་པའི་དུས་ཡུན་རིང་འབྲིང་གི་འགུལ་སྐྱོད་ལ་མཐུན་སྦྱོར་བྱེད་པར་འཐད་པ་བྱུང་།

ཧྥ་རན་སིའི་ཙུང་ཐུང་བཞུགས་ཤག་གིས་ཚེས་བཅུ་གསུམ་ཉིན་སྤེལ་བའི་གནས་ཚུལ་ལྟར་ན། ཨོ་ལིང་ཏི་ཡིས་ཧྥ་རན་སི་ཡིས་མ་འོངས་པའི་དུས་ཚོད་འགའི་ནང་དབྱི་རག་གི་ཁུའུ་ཨར་ཏི་རང་སྐྱོང་ས་ཁུལ་དུ་མཚོན་ཆ་སྐྱེལ་འདྲེན་བྱས་ཏེ། དབྱི་རག་དང་ལོས་ཧྥན་ཐི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཆམ་ཕབ་གཏོང་བའི་ནུས་པ་ཇེ་དྲག་ཏུ་གཏོང་རྒྱུ་ཡིན་པ་ཁྱབ་སྒྲོག་བྱས། ཧྥ་རན་སིའི་ཕྱི་འབྲེལ་བློན་ཆེན་ཧྥ་པུས་ཡུག་སི་ཡིས་ཚེས་བཅུ་གསུམ་ཉིན་གྱི་དགོང་མོར་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་དོན། ཧྥ་རན་སི་རྒྱལ་ཁབ་ཀྱིས་སྤུས་ལེགས་མཚོན་ཆ་འདོན་སྤྲོད་བྱེད་རྒྱུ་ཡིན་ཟེར།

ཧྥ་རན་སིའི་ཙུང་ཐུང་བཞུགས་ཤག་གིས་ཉིན་དེའི་དགོང་མོར་སྤེལ་བའི་སྤྱི་སྒྲོག་གཞན་པ་ཞིག་ལས་བཤད་རྒྱུར། ཨོ་ལིང་ཏི་ཡིས་ཉིན་དེར་དབྱི་རག་ཁུའུ་ཨར་ཏི་རང་སྐྱོང་ས་ཁུལ་གྱི་མགོ་ཁྲིད་པ་པཱ་ཨར་ཀྲ་ནེ་ལ་ཡང་བསྐྱར་ཁ་པར་བཏང་སྟེ། ཧྥ་རན་སིའི་སྲིད་གཞུང་དང་དབྱི་རག་སྲིད་གཞུང་གིས་གྲོས་མོལ་བྱས་པ་བརྒྱུད། བྱེད་ཐབས་གང་རུང་སྤྱད་དེ་དབྱི་རག་གི་ཁུའུ་ཨར་ཏི་རང་སྐྱོང་ས་ཁུལ་དུ་གང་མགྱོགས་ཀྱིས་མཚོན་ཆ་སྐྱེལ་འདྲེན་བྱེད་རྒྱུ་ཡིན་ཟེར། ཨོ་ལིང་ཏི་ཡིས་ད་རུང་བཤད་རྒྱུར། མ་འོངས་པའི་ཉིན་འགའི་ནང་། ཧྥ་རན་སི་རྒྱལ་ཁབ་ཀྱིས་མུ་མཐུད་དུ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་བྱེད་རྒྱུ་ཡིན་ཟེར།  །

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག