མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཅོར་ཏན་དང་ལེ་པཱ་ནུན་གྱིས་སི་རི་ཡཱའི་ཉམས་ཉེན་གང་མགྱོགས་ཀྱིས་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-14 11:30

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཅོར་ཏན་དང་ལེ་པཱ་ནུན་གྱིས་ཚེས་བཅུ་གསུམ་ཉིན་གང་མགྱོགས་ཀྱིས་ཆབ་སྲིད་བྱེད་ཐབས་སྤྱད་དེ་སི་རི་ཡཱའི་ཉམས་ཉེན་ཐག་གཅོད་བྱས་ཏེ། ཁྱིམ་མཚེས་རྒྱལ་ཁབ་ལ་བཟོས་པའི་ཤུགས་རྐྱེན་ཇེ་ཆུང་དུ་གཏོང་དགོས་པའི་འབོད་སྐུལ་བཏང་།

ཅོར་ཏན་གྱི་ཕྱི་འབྲེལ་བློན་ཆེན་ཀྲུའུ་ཏཱ་ཡིས་ཉིན་དེར་ཨན་མན་ནས་འཚམས་འདྲིར་ཡོང་བའི་ལེ་པཱ་ནུན་གྱི་ཕྱི་འབྲེལ་བློན་ཆེན་པཱ་ཞི་ལེ་ལ་ཐུག་འཕྲད་བྱས་པ་དང་། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དང་། དབྱི་སི་རལ་གྱིས་མུ་མཐུད་དུ་ཅཱ་ཧྲ་ས་ཁུལ་དུ་བཙན་འཛུལ་བྱས་པའི་གནས་ཚུལ། དེ་མིན་སི་རི་ཡཱའི་ཉམས་ཉེན་གྱི་གནས་ཚུལ་གསར་བ་སོགས་ལ་གྲོས་བསྡུར་བྱས།

ཅོར་ཏན་གྱི་ཕྱི་འབྲེལ་པུའུ་ཡིས་གསལ་སྒྲོག་སྤེལ་ཏེ་བཤད་རྒྱུར། ཀྲུའུ་ཏཱ་ཡིས་ཉིན་དེར་པཱ་ཞི་ལེ་དང་མཉམ་དུ་སི་རི་ཡཱའི་ཡུལ་གྱར་བའི་གནད་དོན་ཐད་ནས་བསམ་འཆར་བརྗེ་རེས་བྱས། ཕྱོགས་གཉིས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འགན་འཁྲི་ཁུར་དུ་བླངས་ཏེ་ཆབ་སྲིད་ཐག་གཅོད་ཇུས་གཞི་ཞིག་འགོད་པར་ཡར་སྐུལ་བྱེད་པ་དང་། སི་རི་ཡཱ་རྒྱལ་ཁབ་ཀྱི་བདེ་འཇགས་དང་མངའ་ཁོངས་ཆ་ཚང་ཡོང་བར་འགན་སྲུང་བྱེད་དགོས་པའི་སྐུལ་མ་བཏང་། རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་བློན་ཆེན་གྱིས་ད་རུང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སི་རི་ཡཱའི་ཁྱིམ་མཚེས་རྒྱལ་ཁབ་དག་ཏུ་ཡོད་པའི་སི་རི་ཡཱའི་ཡུལ་གྱར་པར་ཞབས་ཞུ་མཁོ་འདོན་བྱས་ཏེ། ཡུལ་གྱར་པ་མང་བོ་ཅོར་ཏན་དང་ལེ་པཱ་ནུན་གྱི་མངའ་ཁོངས་སུ་ཡོང་ནས་ཁྱིམ་མཚེས་རྒྱལ་ཁབ་དག་ལ་བཟོས་པའི་དཀའ་ཁག་ཇེ་ཆུང་དུ་གཏོང་དགོས་པའི་འབོད་སྐུ་བཏང་།

ཅཱ་ཧྲ་ས་ཁུལ་གྱི་གནས་བབ་གླེང་དུས། ཅོར་ཏན་དང་ལེ་པཱ་ནུན་གྱི་ཕྱི་འབྲེལ་བློན་ཆེན་གྱིས་དབྱི་སི་རལ་གྱི་ཅཱ་ཧྲ་ས་ཁུལ་གྱི་གདུག་རྩུབ་ཆེ་བའི་འཇབ་རྒོལ་བྱ་སྤྱོད་ལ་རྒོལ་གཏམ་དྲག་པོ་བཏང་། ཀྲུའུ་ཏཱ་ཡིས་བཤད་རྒྱུར། ཅོར་ཏན་གྱིས་ཨེ་ཅིབ་ཀྱིས་བཏོན་པའི་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱིས་འཁྲུག་རྩོད་མཚམས་འཇོག་པའི་གྲོས་གཞི་ལ་རྒྱབ་སྐྱོར་བྱེད་པ་དང་། ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་བར་ཡུན་རིང་འཁྲུག་རྩོད་མཚམས་འཇོག་པ་མངོན་འགྱུར་བྱེད་པའི་ཐད་འབད་བརྩོན་བྱེད་པའི་བྱ་བ་གང་རུང་ལ་རྒྱབ་སྐྱོར་དང་བརྩི་འཇོག་བྱེད་བཞིན་ཡོད། པཱ་ཞི་ལེ་ཡིས་བསྟན་དོན། ལེ་པཱ་ནུན་གྱིས་རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་ཤུགས་སྣོན་པ་དང་། མཉམ་དུ་འགྲན་རྩོད་ཐག་གཅོད་བྱས་ཏེ་མུ་མཐུད་དུ་ཅོར་ཏན་བར་མཐུན་སྦྱོར་དང་གྲོས་མོལ་བྱེད་འདོད་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག