མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕུའུ་ཅིན་གྱིས་ཁི་ལི་མུས་ཡཱ་ལ་འཚམས་འདྲི་བྱེད་རྒྱུ་རེད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-14 11:29

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་བཅུ་བཞི་ཉིན་ཁི་ལི་མུས་ཡཱ་ལ་འཚམས་འདྲི་བྱེད་རྒྱུ་ཡིན་པ་དང་། ཝུའུ་ཁི་ལན་གྱི་ཕྱི་འབྲེལ་པུའུ་ཡིས་ཐེངས་འདིའི་འཚམས་འདྲི་དང་ལེན་བྱེད་ཐབས་མེད་ཟེར།

ཨུ་རུ་སིའི་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཟླ་བརྒྱད་པའི་ཚེས་བཅུ་བཞི་ཉིན་ཁི་ལི་མུས་ཡཱ་ལ་འཚམས་འདྲི་བྱེད་རྒྱུ་མ་ཟད། ཡཱ་ཨར་ཐཱ་ནས་ཨུ་རུ་སིའི་གྲོས་ཁང་ཞོལ་མའི་གྲོས་མི་དང་རྒྱལ་ཕྲན་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཁོངས་མིར་ཐུག་འཕྲད་བྱེད་རྒྱུ་རེད་ཟེར།

དོན་དེའི་ཐད་ནས་ཝུའུ་ཁི་ལན་གྱི་ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་གཞོན་པས་གསལ་སྒྲོག་སྤེལ་ཏེ། ཕུའུ་ཅིན་གྱི་ཐེངས་འདིའི་འཚམས་འདྲི་དང་ལེན་བྱེད་ཐབས་མེད་ཟེར། ཁོས་བཤད་རྒྱུར། ཨུ་རུ་སི་ཡིས་ཁྲིམས་འགལ་གྱིས་ཁི་ལི་མུས་ཡཱ་བཙན་བཟུང་བྱས་པ་ཡིན་ཞིང་། ཨུ་རུ་སིའི་མགོ་ཁྲིད་པ་ཁི་ལི་མུས་ཡཱ་རུ་འགྲོ་བའི་དོན་དེ་དང་ལེན་བྱེད་ཐབས་མེད། དེ་ནི་ཝུའུ་ཁི་ལན་ཕྱི་འབྲེལ་པུའུ་ཡི་འགྱུར་བ་མེད་པའི་ལངས་ཕྱོགས་ཡིན་ཟེར།  །

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག