མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

བྱང་ཆིངས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་ལཱ་སི་མུའུ་སིན་གྱིས་འཁྱག་གླིང་དུ་འཚམས་འདྲི་བྱས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-14 11:29

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། བྱང་ཆིངས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་ལཱ་སི་མུའུ་སིན་ཚེས་བཅུ་གསུམ་ཉིན་འཁྱག་གླིང་གི་རྒྱལ་ས་ལོས་ཁི་ཡཱ་ཝེ་ཁི་རུ་འབྱོར་ནས། འཁྱག་གླིང་གི་ཙུང་ལི་ཅིན་ལེ་དབྱེ་ཀི་སུང་དང་གྲོས་མོལ་བྱས་པར་མ་ཟད། ཝུའུ་ཁི་ལན་གྱི་གནས་བབ་སོགས་གྲོས་གཞི་རབ་དང་རིམ་པའི་ཐད་གྲོས་བསྡུར་བྱས།

འཁྱག་གླིང་གི་ཙུང་ལིའི་བཞུགས་ཤག་གིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། ལཱ་སི་མུའུ་སིན་གྱི་ཐེངས་འདིའི་འཚམས་འདྲི་ནི་ཟླ་རྗེས་མའི་ཟླ་མགོར་དབྱིན་ཇིའི་ཝེ་ཨར་ཧྲི་ནས་བསྡུ་རྒྱུ་ཡིན་པའི་བྱང་ཆིངས་རྩ་འཛུགས་ཀྱི་མཐོ་རིམ་གྲོས་ཚོགས་ཀྱི་གྲ་སྒྲིག་བྱ་བའི་ཁག་ཅིག་ཡིན། ཅིན་ལེ་དབྱེ་ཀི་སུང་དང་ལཱ་སི་མུའུ་སིན་གཉིས་ཀྱིས་ཝུའུ་ཁི་ལན་གྱི་གནས་བབ་དང་། ཡོ་རོབ་གླིང་ས་ཁུལ་གྱི་བདེ་འཇགས་དང་གླིང་སྣེ་བྱང་མ་ས་ཁུལ་གྱི་བདེ་འཇགས་སོགས་གྲོས་གཞིའི་ཐད་ལ་གྲོས་བསྡུར་བྱས། གྲོས་མོལ་ནས་ཀྱང་བྱང་ཆིངས་རྩ་འཛུགས་ཀྱིས་འཁྱག་གླིང་གི་བར་སྣང་ལྟ་ཞིབ་དོ་དམ་ཐད་ཐོན་པའི་ནུས་པ་གལ་ཆེན་གླེང་།

ལཱ་སི་མུའུ་སིན་གྱིས་ཐུག་འཕྲད་བྱས་རྗེས་བསྡུས་པའི་མཉམ་འབྲེལ་གྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། བྱང་ཆིངས་རྩ་འཛུགས་ཀྱིས་ཐོག་མར་ཁོངས་གཏོགས་རྒྱལ་ཁབ་བར་གྱི་བདེ་འཇགས་མཉམ་ལས་ལ་འགན་སྲུང་བྱས་ཏེ། བྱང་ཆིངས་རྩ་འཛུགས་ཀྱིས་པའོ་ལོ་ཏི་རྒྱ་མཚོའི་ས་ཁུལ་གྱི་རྒྱལ་ཁབ་དང་མཚོ་ནག་ས་ཆའི་རྒྱལ་ཁབ་ཀྱི་བར་སྣང་དང་མཚོ་ཐོག་གི་ལྟ་ཞིབ་དོ་དམ་ནུས་པར་ཤུགས་སྣོན་བྱས་ཡོད་ལ། བྱང་ཆིངས་རྩ་འཛུགས་ཀྱིས་ཝུའུ་ཁི་ལན་གྱི་མཉམ་ལས་ལ་ཤུགས་སྣོན་བྱས་ནས་ཟླ་རྗེས་མར་འཚོག་རྒྱུ་ཡིན་པའི་བྱང་ཆིངས་རྩ་འཛུགས་ཀྱི་མཐོ་རིམ་གྲོས་ཚོགས་སྟེང་ཝུའུ་ཁི་ལན་གྱི་ཙུང་ཐུང་དང་མཉམ་དུ་མཉམ་ལས་བྱེད་ཐབས་ལ་གྲོས་བསྡུར་བྱེད་རྒྱུ་ཡིན་ཟེར། དེ་ལས་གཞན་བྱང་ཆིངས་རྩ་འཛུགས་ཀྱིས་ཨུ་རུ་སིའི་བར་གྱི་དངོས་གཞིའི་འབྲེལ་བ་ཡོད་ཚད་མཚམས་བཞག་ཡོད་ཟེར།

ལཱ་སི་མུའུ་སིན་གྱིས་བཤད་རྒྱུར། བྱང་ཆིངས་རྩ་འཛུགས་ཀྱིས་དམག་དོན་རྟེན་གཞི་གང་ཡང་བཙུགས་མེད་ཀྱང་། འཁྱག་གླིང་གིས་བྱང་ཆིངས་རྩ་འཛུགས་ཁྲོད་སྔར་བཞིན་གོ་གནས་གལ་ཆེན་སྲིད་ཡོད། དཔེར་ན་ད་ལོའི་ཟླ་གཉིས་པར་འཁྱག་གླིང་མཁའ་དམག་གི་ཉིས་སྟོང་བཅུ་བཞི་ལོའི་ཚོགས་ཆེན་ཞེས་པའི་མཁའ་སྲུང་སྦྱོང་བརྡར་བདེ་བླག་ངང་སྤེལ་བར་མ་ཟད། སྦྱོང་བརྡར་གྱི་ནང་དོན་དེ་རྒུད་སྐྱོབ་ཁྱབ་ཁོངས་སུ་རྒྱུན་བསྲིངས་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག