མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

སེ་ཞི་ཡིས་ཨུ་རུ་སི་ལ་འཚམས་འདྲི་བྱས་ཏེ་ཕུའུ་ཅིན་དང་མཉམ་དུ་གནད་དོན་གཙོ་བོར་གྲོས་བསྡུར་བྱེད་རྒྱུ་རེད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-12 11:03

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨེ་ཅིབ་ཀྱི་ཙུང་ཐུང་སེ་ཞི་ཡིས་ཚེས་བཅུ་གཉིས་ཉིན་ཨུ་རུ་སི་ལ་འཚམས་འདྲི་བྱས་ཏེ། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་མཉམ་དུ་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་དང་། དབྱི་རག་གི་ཉམས་ཉེན། སི་རི་ཡཱའི་གནད་དོན་བཅས་ལ་གྲོས་བསྡུར་བྱེད་རྒྱུ་རེད།

ཚེས་བཅུ་ཉིན་ཨེ་ཅིབ་ཀྱི་འདུམ་འགྲིག་འོག དབྱི་སི་རལ་དང་ཧཱ་མཱ་སི་ཡིས་དུས་ཚོད་དོན་གཉིས་རིང་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་བཀོད། ཚེས་བཅུ་གཅིག་ཉིན། ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཐུས་ཚབ་ཚོགས་པས་ཁེ་རོ་ནས་གྲོས་མོལ་བྱས་ཏེ་དུས་གཏན་དུ་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་བཀོད་ནས་ཟླ་ངོ་གཅིག་ལྷག་འགོར་བའི་འཐབ་འཁྲུག་དེ་མཇུག་སྒྲིལ་བར་བརྩོན་བཞིན་ཡོད། ཨུ་རུ་སིའི་མགོ་ཁྲིད་པས་ཨེ་ཅིབ་ཀྱིས་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་འདུམ་འགྲིག་བྱེད་པའི་ཐད་འབད་བརྩོན་ཆེན་པོ་བྱས་པར་གདེང་འཇོག་ཆེན་པོ་བྱས།

ད་ལོའི་ཟླ་གཉིས་པར། སེ་ཞི་ཨེ་ཅིབ་དམག་ཕྱོགས་ཀྱི་མགོ་ཁྲིད་པ་ཡིན་པའི་ཆ་ནས་ཨུ་རུ་སི་ལ་འཚམས་འདྲི་བྱས་ཤིང་། ཨུ་རུ་སིའི་བར་འབྲེལ་བ་ཇེ་ཟབ་ཏུ་བཏང་ནས་ཨུ་རུ་སིའི་རྒྱབ་སྐྱོར་ཐོབ་པར་བརྩོན་ལེན་བྱས། དེའི་སྔོན་ཨེ་ཅིབ་དང་ཨ་མེ་རི་ཁའི་འབྲེལ་བར་འགལ་བ་རེ་འགའ་བྱུང་སྟེ། ཨོ་པཱ་མཱ་སྲིད་གཞུང་གིས་ཨེ་ཅིབ་ཀྱི་རོགས་སྐྱོར་ཁག་ཅིག་མཚམས་བཞག་པར་ཨེ་ཅིབ་ལ་དཀའ་སྡུག་ཆེན་པོ་བཟོས་ཡོད་པས་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག