མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

དབྱི་རག་གི་ཙུང་ཐུང་གིས་གྲོས་དཔོན་གཞོན་པ་ཨ་པཱ་ཏིས་ལ་སྲིད་གཞུང་གསར་བ་རྩ་འཛུགས་བྱེད་དགོས་པའི་ངག་བཅོལ་བྱས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-12 11:02

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་རག་གི་ཙུང་ཐུང་མཱ་སུའུ་མུའུ་ཡིས་ཉིན་དེར་རྒྱལ་དམངས་གྲོས་ཁང་ཧྲི་ཡེ་ཕྱོགས་ཁག་གི་ཏང་ཚོགས་མནའ་འབྲེལ་རྒྱལ་ཡོངས་མནའ་འབྲེལ་གྱིས་མིང་བཏོན་པའི་ཙུང་ལིའི་འདེམ་སྒུག་མི་སྣ་ཨ་པཱ་ཏིས་ལ་ནེ་ཀི་གསར་བ་འཛུགས་དགོས་པའི་ངག་བཅོལ་བྱས།

དབྱི་རག་རྒྱལ་ཁབ་བརྙན་འཕྲིན་ཁང་གིས་ཚེས་བཅུ་གཅིག་ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། མཱ་སུའུ་མུའུ་ཡིས་ཉིན་དེར་བརྙན་འཕྲིན་ཐད་གཏོང་ལེ་ཚན་ཁྲོད་ཨ་པཱ་ཏིས་ཀྱིས་ནེ་ཀི་རྩ་འཛུགས་བྱེད་པའི་བཀའ་བཀོད་གནང་བ་དང་། ཨ་པཱ་ཏིས་ལ་ཙུང་ཐུང་གི་ངག་བཅོལ་འབྱོར་རྗེས་བརྙན་འཕྲིན་ལས་གཏམ་བཤད་སྤེལ་ཏེ། དབྱི་རག་གི་མི་ཚང་མས་ངེས་པར་དུ་མཐུན་སྒྲིལ་བྱས་ཏེ་མཉམ་དུ་དབྱི་རག་དང་ལོས་ཧྥན་ཐི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་དྲག་ཆས་ཉེས་ཅན་གྱི་ཡ་ང་བའི་བྱ་སྤྱོད་ལ་རྒོལ་ལན་སྤྲོད་དགོས་ཟེར། བསྒྲགས་པ་ལྟར་ན། མཱ་སུའུ་མུའུ་ཡིས་ཨ་པཱ་ཏིས་ཀྱིས་ནེ་ཀི་རྩ་འཛུགས་བྱེད་པའི་གནས་ཚུལ་ལ་ཨ་མེ་རི་ཁ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དགའ་བསུ་ཐོབ་པ་དང་། དབྱི་རག་ཏུ་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་འཐུས་མིས་མཱ་སུའུ་མུའུ་ཡིས་རང་ཉིད་ཀྱི་འགན་འཁྲི་ལག་བསྟར་བྱས་པར་གཟེངས་བསྟོད་བྱས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག