མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་རིའི་ཙུང་ཐུང་ཨའོ་པ་མས་དབྱིན་ཇི་དང་ཧྥ་རན་སི་འཇར་མན་བཅས་ཀྱི་མགོ་ཁྲིད་ལ་མཇལ་འཕྲད་གནང་བ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-08-11 11:12

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་རིའི་ཙུང་ཐུང་ཨའོ་པ་མས་སྤྱི་ཚེས9ཉིན་ཁག་སོ་སོར་དབྱིན་ཇིའི་དབུ་བཞུགས་བློན་ཆེན་ག་མན་ལུན་དང་། ཧྥ་རན་སིའི་ཙུང་ཐུང་ཨའོ་ལང་ཏེ། འཇར་མན་གྱི་ཙུང་ལི་མོ་ཁེར་བཅས་ལ་མཇལ་འཕྲད་གནང་ནད་འཛམ་གླིང་གི་ཀུན་གླེང་གནད་དོན་མང་པོའི་ཐད་གྲོས་བསྡུར་གནང་ཡོད་པ་རེད།

ཕོ་བྲང་དཀར་པོས་ཉིན་དེར་སྤེལ་བའི་གསལ་བསྒྲགས་ནང་། དབྱི་རག་གི་དུས་བབ་ཐད། ཨའོ་པ་མ་དང་། ཁ་མེ་ལུན། ཨའོ་ལང་ཏེ་བཅས་ནས་རི་ཁྲོད་དུ་ལུས་པའི་དབྱི་རག་གི་མི་སེར་ལ་མི་ཆོས་རིང་ལུགས་རོགས་སྐྱོབ་བྱེད་པའི་དགོས་པ་ཡོད་པའི་ངོས་འཛིན་གཅིག་མཐུན་དུ་གནང་ཡོད་པ་དང་། ཁོ་ཚོས་ད་དུང་གང་འདྲ་བྱས་ནས་དབྱི་རག་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་། དེ་བཞིན་དབྱི་རག་དང་ལི་ཕན་ཐེ་དབྱི་སི་ལན་རྒྱལ་ཁབ་ཟེར་བའི་ཐལ་སྐྱོད་སྒྲིག་འཛུགས་ཀྱིས་དབྱི་རག་མི་དམངས་ལ་ཉེན་ཁ་བཟོ་བར་ཁ་གཏད་གཅོག་རྒྱུའི་ཐད་གྲོས་བསྡུར་གནང་ཡོད་པ་རེད།

ཨུ་ཁེ་ལན་གྱི་གནད་དོན་ཐད། ཨའོ་པ་མ་དང་། ཁ་མེ་ལུན། མོ་ཁེར་བཅས་ནས་ཨུ་ཁེ་ལན་གྱི་མོས་མཐུན་དང་དབང་ཆ་མ་སྤྲད་པའི་གནས་ཚུལ་འོག ཨུ་རུ་སུས་མི་ཆོས་རིང་ལུགས་ཀྱི་དར་ཆ་ཁྱེར་ནས། བཀག་འགོག་གི་བྱ་སྤྱོད་གང་རུང་སྤེལ་བ་ནི་ཁས་ལེན་བྱེད་ཐབས་མེད་པ་དང་། དེས་དེ་བས་ཚབས་ཆེ་བའི་མཇུག་འབྲས་ངན་པ་བཟོ་ངེས་ཡིན་པའི་ངོས་འཛིན་བྱས་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག