མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཐེ་ལན་གྱི་ཀོང་ཇོ་ཧྲེ་ལིན་ཐོང་གིས་ཡུན་ནན་ལུའུ་ཏན་ས་ཡོམ་གནོད་འཚེ་ཕོག་ཁུལ་དུ་ཞལ་འདེབས་གནང་བ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-08-11 11:11

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཐེ་ལན་གྱི་ཀོང་ཇོ་ཧྲེ་ལིན་ཐོང་གིས་སྤྱི་ཚེས7ཉིན་གྱི་སྔ་དྲོ་པང་ཁོག་གི་ཅི་ལ་ཏེ་རྒྱལ་པོའི་ཕོ་བྲང་དུ་ཐེ་ལན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་གི་ལས་སྐྱོང་ཝུ་ཀྲེ་ཝུ་དང་མཇལ་འཛོམས་གནང་ཡོད་པ་དང་། ཀྲུང་གོའི་ཡུན་ནན་ལུའུ་ཏན་ས་ཡོམ་གནོད་འཚེ་ཕོག་ཁུལ་གྱི་གནས་ཚུལ་གསར་ཤོས་ཤེས་རྟོགས་གནང་ཡོད་པ་མ་ཟད། སྒེར་གྱི་མིང་ཐོག་ནས་ས་ཡོམ་གནོད་འཚེ་ཕོག་ཁུལ་ལ་མི་དམངས་ཤོག་སྒོར་སྒོར་ཉིས་འབུམ་ཞལ་འདེབས་ཕུལ་ནས། གནོད་འཚེ་ཕོག་ཁུལ་གྱི་མང་ཚོགས་ནས་གནོད་སེལ་བྱ་རྒྱུར་རོགས་རམ་གནང་ཡོད། ཝུ་ཀྲེ་ཝུས་གནོད་འཚེ་ཕོག་ཁུལ་གྱི་མང་ཚོགས་ཀྱི་ཚབས་ཞུས་ནས་ཞལ་འདེབས་དངུལ་དེ་དང་ལེན་གནང་ཡོད་པ་མ་ཟད། གང་མགྱོགས་ཀོང་ཇོ་་ཧྲེ་ལིན་ཐོང་གིས་གནང་བའི་ཞལ་འདེབས་དངུལ་དེ་གནོད་འཚེ་ཕོག་ཁུལ་གྱི་མང་ཚོགས་ཀྱི་ལག་ཏུ་སྤྲོད་རྒྱུ་ཡིན་ཞེས་བསྟན་ཡོད་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག