མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨེ་ཅིབ་ཀྱི་ཆེས་མཐོའི་སྲིད་འཛིན་ཁྲིམས་ཁང་གིས་ཉིན་དེར་མུའུ་སི་ལིན་གཅེན་གཅུང་ཚོགས་པའི་རང་མོས་དང་དྲང་བདེན་ཏང་ཁ་གཏོར་གཏོང་རྒྱུའི་ཁྲིམས་ཐག་བཅད་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-08-11 11:11

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨེ་ཅིབ་གཞུང་ཕྱོགས་མཚམས་སྦྱོར་ལས་ཁུངས་ཀྱིས་སྤྱི་ཚེས9ཉིན་གནས་ཚུལ་སྤེལ་བར་གཞིགས་ན། ཨེ་ཅིབ་ཀྱི་ཆེས་མཐོའི་སྲིད་འཛིན་ཁྲིམས་ཁང་གིས་ཉིན་དེར་མུའུ་སི་ལིན་གཅེན་གཅུང་ཚོགས་པའི་རང་མོས་དང་དྲང་བདེན་ཏང་ཁ་གཏོར་གཏོང་རྒྱུའི་ཁྲིམས་ཐག་བཅད་པ་རེད། ཨེ་ཅིབ་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་གིས་བརྟག་དཔྱད་བྱས་པ་བརྒྱུད་དེ་རང་མོས་དང་དྲང་བདེན་ཏང་གིས་འབྲེལ་ཡོད་སྲིད་ཏང་གི་བཙུགས་པའི་ཆ་རྐྱེན་གྱི་བཅའ་ཁྲིམས་གཏན་འབེབས་དང་བརྒལ་བའི་ངོས་འཛིན་བྱས་ཡོད་པ་རེད། ཆེས་མཐོའི་སྲིད་འཛིན་ཁྲིམས་ཁང་གིས་དུས་མཚུངས་སུ་ཏང་དེའི་ཁོངས་གཏོགས་རྒྱུ་ནོར་གཞུང་བཞེས་གཏོང་རྒྱུའི་ཁྲིམས་ཐག་བཅད་ཡོད་པ་རེད།

གནས་ཚུལ་སྤེལ་ནས་ཁྲིམས་ཐག་བཅད་པ་དེ་ནི་མཐའ་མའི་ཁྲིམས་གཅོད་ཡིན་པས་ཞུ་སྦྱོར་བྱས་མི་ཆོག་ཅེས་བཤད་ཡོད་པ་རེད།

ན་ནིང་གི་སྤྱི་ཟླ་བདུན་པར་མོར་ཞི་ཡི་ཙུང་ཐུང་འགན་གནས་མེད་པ་བཟོས་རྗེས་དེར་རྒྱབ་སྐྱོར་བྱེད་མཁན་ཚོས་རྔམ་སྟོན་ཁྲོམ་སྐོར་རྒྱུན་ཆད་མེད་པར་སྤེལ་བ་མ་ཟད། ཉེན་རྟོག་པའི་ཕྱོགས་དང་ངོ་རྒོལ་བྱེད་མཁན་བར་ལ་གདོངས་གཏུགས་ཐོན་ཡོད་པ་རེད། ད་ལོའི་སྤྱི་ཟླ་གཉིས་པར་ཁེ་རོའི་ཛ་དྲག་བྱ་དོན་ཁྲིམས་ཁང་གིས་མུའུ་སི་ལིན་གཅེན་གཅུང་ཚོགས་པ་དེ་འཇིགས་སྐུལ་སྒྲིག་འཛུགས་སུ་གཏན་འཁེལ་བྱས་ཡོད། ད་ལོའི་སྤྱི་ཟླ་བཞི་པར་ཨེ་ཅིབ་ཡ་ལི་ཧྲན་ཏ་ཡིས་ཛ་དྲག་ངང་བྱ་དོན་ཁྲིམས་ཁང་གིས་ཁྲིམས་ཐག་བཅད་དེ་མུའུ་སི་ལིན་གཅེན་གཅུང་སྒྲིག་འཛུགས་ཁོངས་གཏོགས་ཙུང་ཐུང་དང་གྲོས་ཚོགས་ཀྱི་འདེམས་བསྐོའི་ནང་ཞུགས་རྒྱུར་གཏན་འགོག་བྱས་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག