མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

རྟེན་གཞི་རྩ་འཛུགས་ཀྱིས་ཡེ་མིན་གྱི་དམག་མི་བཅུ་བཞི་དམར་གསོད་བཏང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-10 11:35

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྟེན་གཞི་རྩ་འཛུགས་ཀྱི་དྲག་ཆས་མི་སྣས་ཚེས་བརྒྱད་ཉིན་ཡེ་མིན་ཤར་ཕྱོགས་ཀྱི་ཧཱ་ཏི་ལཱ་མའོ་ཞིང་ཆེན་ནས་ཡེ་མིན་གྱི་དམག་མི་བཅུ་བཞི་བཙན་ཁྲིད་བྱས་ཏེ་དམར་གསོད་བཏང་། དམག་མི་དེ་དག་སྐབས་ཐོག་དེར་རྒྱང་བཞུད་འགྲུལ་སྐྱེལ་རླངས་འཁོར་ཞིག་ལ་བསྡད་དེ་རྒྱལ་ས་སཱ་ནཱ་རུ་གཉེན་ཉེ་ལ་ཐུག་ཏུ་འགྲོ་བཞིན་ཡོད། རྟེན་གཞི་རྩ་འཛུགས་ཀྱི་དྲག་ཆས་པས་རླངས་འཁོར་བཀག་ནས་དཔང་ཡིག་ལ་ཞིབ་བཤེར་བྱས་རྗེས། དམག་མི་དེ་དག་ཉེ་འདབས་ཀྱི་སྡེ་བ་ཞིག་ཏུ་ཁྲིད་ནས་མི་མང་ཚོགས་ས་ནས་དམར་གསོད་བཏང་བ་རེད། རྟེན་གཞི་རྩ་འཛུགས་ཀྱིས་དྲ་རྒྱའི་སྟེང་རླངས་འཁོར་འགོག་པའི་འདྲ་རིས་མང་བོ་ཞིག་སྤེལ་ཡོད་པ་དང་། དམག་མི་དེ་དག་བསད་པ་ནི་འཁོན་ལན་སློག་པའི་ཆེད་དུ་ཡིན་ཟེར། ཡེ་མིན་སྲིད་གཞུང་དམག་གིས་ཚེས་དྲུག་ཉིན་ཧཱ་ཏི་ལཱ་མའོ་ཞིང་ཆེན་ནས་རྟེན་གཞི་རྩ་འཛུགས་ཀྱི་དྲག་ཆས་མི་སྣ་ཉི་ཤུ་བསད་པ་དང་མི་གསུམ་འཛིན་བཟུང་བྱས་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག